| | e-texts navigator
|
140b1 བརྟག་པར་བྱའོ།། ཉི་ཟླ་པད་མཉམ་པའི་དགོངས་པས་དོན་ལ་བསྐྱལ་བར་བྱའོ།། རྒྱ་མཚོ་ཀློང་བརྡོལ་གྱི་དགོངས་པས་རིག་པ་དབྱིངས་ལ་བསྐུལ་བར་བྱའོ།། ཨེ་མ་ཧོ།། རིགས་ཀྱི་བུ། སངས་རྒྱས་ཀུན་གྱི་དགོངས་པ་ལྔ།། འགག་མེད་ཚུལ་གྱིས་ཡོངས་ལ་བྱུང་།
140b2 ཡོནས་ཀློང་འབྱམས་དགོངས་པ་ལས།། ལྷག་མཐོང་རིག་པའི་ཡེ་ཤེས་བྱས།། དེ་ཚེ་རང་གི་བདེན་པ་མཐོང་།། དེ་ལས་རིག་པའི་མེ་ཏོག་སྐྱེས།། དེས་ནི་སྐྱེ་མེད་ཕ་རོལ་ཕྱིན།། ལྟ་བ་ཡེ་ཤེས་དོན་ལ་རྟོག། རྟོག་ན་གསང་སྔགས་སྐྱེ་མི་འགྱུར།། མཚན་མའི་སེམས་ལ་དོན་བཙལ
140b3 པས།། དོན་མེད་འཁོར་བའི་སྡུག་བསྔལ་ཐོབ།། རང་རིག་ཡེ་ནས་དགོངས་པ་ཉིད།། ཡུལ་དུ་མི་སྣང་ཀུན་ལ་རོལ།། རྣམ་རྟོག་མེད་པའི་ནམ་མཁའ་ལ།། བྱ་བྱེད་མེད་པའི་རིག་པ་གསལ།། འཛིན་པ་མེད་པའི་རང་སྣང་ལ།། ལྷ་བྱེད་མེད་པའི་ལྟ་བ་གསལ།། རྟོགས་མཐའ
140b4 པའི་ཤེས་རབ་ལ།། རྟོག་མེད་རང་སངས་བསྒོམ་པ་གསལ།། བགྲོད་མེད་སྟོང་པའི་ཡེ་ཤེས་ལ།། མ་འགགས་ཞེན་མེད་སྤྱོད་པ་གསལ།། འབྱུང་བ་ཡེ་ཤེས་ས་བོན་ལ།། རང་སྣང་ང་ཟློག་མིང་འབྲས་བུ་གསལ།། སངས་རྒྱས་ཡེ་ཤེས་གསལ་བས་མཛེས།། ལྷང་དེ་ལྷན་ནི་དོན་གསལ
140b5 པའོ།། དེ་ནས་རྣམ་པར་སྣང་མཛད་ཀུན་རིག་ཆོས་ཀྱི་རྗེས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་སྨྱོན་པ་ཀུན་ཏུ་བཟང་པོ། སངས་རྒྱས་དང་ཡེ་ཤེས་ཀྱི་མདའ་བདག། ཐུགས་རྗེ་རང་ལྷང་གི་དགོངས་པ་དང་ལྡན་པ། བདག་ཅག་མོས་པའི་འཁོར་རྣམས་ལ་ཐིག་ལེ་རྣམ་པ་ལྔའི
140b6 ལྟ་བུ་ལ་གྲཝ། གསུང་དུ་གསོལ། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་ཏིང་ངེ་འཛིན་དང་གནས་ཀྱི་དོན་ལས་བཞེངས་ནས། རིགས་ཀྱི་སངས་རྒྱས་རྣམས་ལ་བཀའ་སྩལ་པ།། ཀྱེ་རིགས་ཀྱི་བུ་འཁོར་གྱི་བྱང་ཆུབ་སེམས་དགའ་དང་བཅས་པ་རྣམས་ཉོན་ཅིག། དེས་དགོངས་པ་ལྔའི་དོན
140b7 མ་ནོར་བར་བསྟན་གྱིས་ཏོན་ཅིང་།། ལེགས་པར་ཉོན་ཅིག། རི་བོ་སྤྱི་བཅིངས་ཀྱི་དགོངས་པཤང་བའི་དུས་ན། རྫོགས་ཆེན་གྱི་བལྟ་བ་མཐར་ཕྱིན་ཏེ། དབང་པོ་རབ་འབྲིང་ཐ་མ་གསུམ་ལ། ལྟ་བ་རྣམ་པ་གསུམ་འཆར་ཏེ། དབང་པོ་རབ་ཡེ་ཤེས་ཀྱི་སྣང་བ་ལྷག་པར་ཤད་བའི
iiif viewer powered by OpenSeadragon
140a - 141a