| | e-texts navigator
|
12b1 པའི་མཆོག། ཀུན་བྲལ་ཉག་གཅིག་ཅིང་ཡང་མེད་པའི་འོདགས་ལ་བདེ་གའི་སྐུ།། ཞེས་གསུངས་སོ།། ཡང་ཞུས་པ།། ཀྱེ་མ་ཐུགས་རྗེའི་བདག་པོ། བསྐྱེད་རྫོགས་རྣམ་པ་གསུམ་གྱི་དོན་གསུང་དུ་གསོལ། ཞེས་ཞུས་ས།། ཡང་བཀའ་སྩལ་པ།
12b2 རྡོ་རྗེ་འཛིན་པ་ཉན་ཅིག། ང་འདས་པའི་འོག་ཏུ་མ་འོངས་པའི་སེམས་ཅན་རྣམས་ལ་འདི་སྐད་སྟན་ཅིག། བསྐྱེད་པ་མ་ཧཱ་ཡོག་ནི། ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ།། ཕྱོགས་པ་ཨཱ་ནུ་ཡོག་ནི་ཆོས་ཐམས་ཅད་འི་ལམ་ལྟ་བུའོ།། རྫོགས་པ་ཆེན་མ་ཨ་\ུ0f7f་ཡོས་ནི
12b3 ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུའོ།། དེའི་ཕྱིར་ན་བསྐྱེད་རྫོགས་རྣམ་གསུམ་འདུ་བྲལ་མེད་པའི་དོན་ཡི་གེ་གསུམ་ཆིས་ཤེས་པར་བྱ་སྟེ། དེ་ཡང་གང་ཞེ་ན། ཛྫ་ཨཱཿཧཱུ~ཾ་གསུམ་གྱིས་ཤེས་པར་བྱའོ།། དེའི་ཕྱིར་ནངས་གསལ་བར་བསྟན་གྱིས་ཡིད་ལ་ཊ
12b4 ཞིག། སྐྱེ་འགག་མེད་པའི་ཨཱཾ་ནི་རང་ལ་ཡོད།། སྟེ་ཤི་མེད་པའི་ཨཱཿནི་བདག་ལ་མཆིས།། འདུ་འབྲལ་མེད་པའི་ཧཱུ~ཾ་གཅིག་བདག་ལ་མཆིས།། ཡི་གེ་མེད་པའི་རྒྱུད་གཅིག་བདག་ལ་མཆིས།། བསྟན་དུ་མེད་པའི་ལུང་གཅིག་བདག
12b5 ལ་མཆིས།། རང་རིག་ལ་འབྱེད་མན་ངག་བདག་ལ་མཆིས།། ཡེ་ཤེས་སྙིང་པོ་བློན་མངོད་པོ་ཆེ། ཞེས་ཐེག་པ་དྲུག་གི་དོན་ཐེག་པ་གསུམ་ཤེས་པར་བྱའོ།། ཡི་གེ་དྲུག་གི་དོན་ཡིགེ་གིསུམ་དུ་ཤེས་པར་བྱའོ།། མ་འོངས་པོ་སེམས་ཅན་རྣམས་ལ་བསྐྱེར
12b6 རྫོགས་རྣམ་གསུམ་གྱི་དོན་གྱིས་ཀྱུང་གྲོལ་བར་གྱིས་ཤིག། སེམས་ཅན་ཐམས་ཅད་རང་ལ་ཡི་གེ་འབྲུ་གསུམ་དུ་གནས་པར་གྱིས་ཤིག། དེ་ཡི་རྩེར་ན་བསྒྲུབ་པ་མཧཱ་ཡོགས་གཞི་དང་སྔར་ཏེ་བཤད། ལུང་ཨ་ནུ་ཡོག་ནམ་མཁའ་དང་སྦྱར་ཏེ་བཤད། མམ་ངག
12b7 རྫོགས་པ་ཆེན་པོ་ཉི་ཟླ་དང་སྦྱར་ཏེ་བཤད་དོ།། དོན་གྱི་སྙིང་པོ་གཏན་ལ་འབེབས་བརྒྱད་འདིས་ཤེས་པར་བྱའོ།། ཞེས་དྲུག་པ་རྡོ་རྗེ་འཆང་ཆེན་པོས་གསང་བའི་བདག་པོ་ལ་ཐེག་པའི་དོན་བཀྲོལ་ཏེ་བསྟན་པའོ།། ཞེས་གྱད་ཐམས་ཅད་ཀྱི་རྒྱལ་པོ་གསང་བཞལ་ཐོན་ཏུ
iiif viewer powered by OpenSeadragon
12a - 13a