| | e-texts navigator
|
117a1 ཅན་པ་ཉིད་དུ་བསྟན།། དུས་མེད་སྡང་བ་མཁའ་ལན།། འབྱར་མེད་དབྱིངས་སུ་ཐམས་ཅད་འདས།། འདི་ལ་འབྱུང་རྒྱན་ནས་བྲལ་ཧཱ།། སངས་མགུས་པ་གཅིག་ཀྱང་མེད།། འཁོར་བའི་སྣང་བ་མི་སྲིད་དུ།
117a2 ན་ཡི་གེའི་ན་རོ་བཞིན།། གཉིས་ཀྱིས་བཟུང་སྟེ་སྡོམ་གཅིག་པ།། ནག་པོ་བསྒྱུར་དུ་བཏུབ་པ་མིན།། དེ་ལས་གོམས་པའི་གདེང་རྙེད་ནས།། བར་སྣང་འཇའ་ཚོན་ཅི་བཞིན་དུ།། ཁ་དོག་མ་འདྲེས་ཡོངས་སུ་རྫོགས།། དེ་ནས་ཡང་གཅིག་སྙོམས
117a3 སྤོབས་ཀྱིས།། དེ་ཡི་རྟགས་དང་ལྡན་པ་ལ།། བར་སྣང་ཁམས་ཀྱང་དེ་བཞིན་ནོ།། ཆུད་འདི་འཛིན་པར་སུས་འདོད་པ།། འདི་ནི་དམ་པ་སྐལ་ལྡན་པས།། གུད་འདི་སོ་སོར་བཟུང་བ་ཡིས།། ཡོན་ཏན་བསམ་མེད་ཆེན་པོར་ཐོབ།། རྒྱུད་ཀྱི་མཚན
117a4 ཉིད་རྣམ་གསུམ་སྟེ།། དེ་ཡི་ངོ་བོར་སྦྱོར་ཤེས།། ཇི་ལྟར་རྒྱུད་ཀྱི་མཚན་ཉིད་ཀྱིས།། རང་གི་བརྟོགས་པའོ།། ཞེས་སྨིན་མ་འབར་བའི་རྒྱུད་ལས། དབྱིངས་རྣམ་པར་དག་པའི་སྐྱོན་མ་བསྟན་པའི་ལེའུ་སྟེ་བཞི་པའོ།། ། དེ་སྐད
117a5 པས་གསུངས་པ་ཡིས།། རྒྱུད་དག་རྡོ་རྗེ་འཆང་ལ་སོགས།། དགའ་ཞིང་མགུ་བའི་སེམས་སྐྱེས་ནས།། དེ་ཉིད་གསུངས་ལ་མངོན་པར་བསྟོད།། གསེར་གྱི་མེ་ཏོག་མཛེས་བ.རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ཅེས་བྱ་བ། འབུམ་ཕྲག་དྲུག་ཅུ་རྩ་བཞིན
117a6 བཅུད་ཕྱུང་བ་རྫོགས་སོ།། ཨཱིཾ།། ནྱ་རྒྱ་རྒྱ།། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ལོཙྪ་བ་སྐ་བ་དཔལ་བརྩེགས་གཉིས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། དཔལ་སྔགས་ཀྱི་སྲུང་མ་ལྕམ་དྲལ་གྱིས།། ཀྱལ་བའི་བཀའ་འདི
117a7 སྲུངས་ཤིག། དཔལ་ལྡན་ཞྭའི་མགོན་པོ་དང་། དམཆོག་གི་བདག་པོ་རྣམས་ཀྱིས། དམ་མེད་སྡིག་ཅན་གྱི་སྲོག་རྩ་ཆོད་ཅིག། ཧུད་འདིའི་འགྲེལ་བ་ནི་མུ་ཏིག་ཕྲེང་བ་ཞེས་བྱ་བ་ཡོད་དོ།། སྒྲོན་མ་འབར་བ་ཉིད་ལམ་བུ་རྫ།
iiif viewer powered by OpenSeadragon
116b - 117b