| | e-texts navigator
|
111b1 མ་ཞེས།། གསུངས་པའི་དོན་དེ་བདག་ཉན་འཚལ།། དེ་ཡི་ངོ་བོ་ཇི་ལྟ་བུ།། དེ་བཞིན་ངེས་ཚིག་རྣམ་པ་གང་།། དབྱེ་བ་དུ་ཡིས་བསྟན་པ་ལགས།། འདི་ཡི་མཚན་ཉིད་ཇི་ལྟ་བུ།། སྒོ་ནི་འཆར་བྱེད་གང་ལ་སྡང་།། དེ་བཞིན་གནས་པ་གང་གིས
111b2 ལགས།། དགོངས་པའི་ཚད་རྣམས་ཇི་ལྟ་བུ།། འདི་ལ་མཐུན་དཔེ་གང་གིས་མཛད།། སྟོན་པ་ཐུགས་རྗེ་ཆེན་པོ་ལ།། འདི་ཀུན་བདག་གིས་ཉན་པར་འཚལ།། དེ་ནས་སྟོན་པས་ཡང་གསུངས་པ།། ཀྱེ་མི་རྒྱུ་ཡི་རྡོ་རྗེ་འཆང་།། ང་ཡིས་བསྟན
111b3 གྱིས་ཁྱོད་ཀྱིས་ཉོན།། འདི་ཀུན་འཁྲུལ་པ་མེད་པར་ཟུང་།། ཤེས་རབ་རང་བྱང་སྒྲོན་མ་ནི།། འདི་ནི་སྒྲོན་མ་ཐམས་ཅད་ཀྱི།། ཤེས་བྱེད། འདི་མེད་ན་དོན་མི་རྟོགས་པས་ན་ཉིད་དུ་གནས་པས་ན།། ཀུན་གྱི་ཆ་ལ་འདི་ཉིད་པས།། འབྱེད་པའི་ཤེས་རབ་མགོའི་ན
111b4 ན་ཡོད་པ་ལག་ཉིད་པས་ནི།། འབྱེད་པ་མེད་པའི་ཚུལ་དུ་གནས།། ཆ་ཕྲ་བ་སྐྱེད་པའི་ངོ་བོ་ནི།། ཡེ་ཐོག་ཉིད་ནས་གནས་པའོ།། ཤེས་པ་དངོས་དང་དངོས་མེད་པའི།། སྣང་བ་ཀུན་ལ་རབ་ཞུགས་ནས།། ལྕི་ཡི་དོན་རྣམས་ཤེས་པ་དང་།། མ་བཙལ་བཞག
111b5 པའི་གདེང་རྙེད་དེ།། རང་གི་ཡེ་ཤེས་ཚད་རྣམས་ཤེས།། རང་བཞིན་དག་པའི་ཆོས་སུ་ནི།། སུས་མ་རྙེད་པར་རང་རིག་པས།། ཀུན་ལས་ཁྱད་འཕགས་རབ་ཏུ་སྣང་།། གཞན་གྱིས་དཔྱད་པའི་གནས་མེད་པས།། རང་ཤར་ཡེ་ནས་དག་པའི
111b6 ཡུམ།། གཞན་ཀྱི་ཡུལ་མིན་དང་ཞེས་པ།། བྱས་པས་འདི་དོན་རྙེད་པ་མེད།། སུ་ལ་རེ་བ་མེད་པའི་ཕྱིར།། ཡེ་ནས་རང་སྣང་བྱུང་ཞེས་བྱ།། སྨོན་ནི་ཆོས་ཉིད་ཐམས་ཅད་ཀུན།། གཉིས་སུ་མེད་པར་སྡང་བར་བྱེད།། མས་ནི་རང་ངོ་ཁྱབ
111b7 པས་སོ།། ཆོས་ཉིད་མ་སྐྱེས་མི་འགག་པས།། མི་གནས་རང་སར་གྲོལ་བ་ནི།། མ་ཆགས་གནས་པ་མེད་པ་སྟེ།། ཡི་ནས་བཅིང་གྲོལ་མེད་པའོ།། དབྱེ་བ་རྣམ་པ་ལྔ་ཡིན་ཏེ།། གཞི་གནས་རང་བྱེང་ཤེས་རབ་ཀྱིས།། ལུས་སོགས
iiif viewer powered by OpenSeadragon
111a - 112a