| | e-texts navigator
|
8b1 དེ་བཞིན་གཤེགས་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡང་སྙིང་དགོངས་པའི་བཅུད་བསྡུས་ནས་གསུངས་སོ།། དེ་ནས་དཔལ་རྡོ་རྗེ་སེམས་དཔས་ཐུགས་དགོངས་ཀྱི་བཅུད་བསྡུས་ནས་གསུངས་པ། བསམ་གྱིས་མི་ཁྱབ་ཆོས་འདི་རྣམས། དེ་བའི
8b2 ཉིད་དུ་གཅིག་པས་ན།། གང་གིས་དེ་བཞིན་དེ་ཤེས་ན།། ཀུན་ལ་དབང་བསྐུར་ཐོབ་པ་ཡིན།། རྡོ་རྗེ་སེམས་དཔས་གསུངས་སོ།། སངས་རྒྱས་ཀུན་གྱི་དགོངས་པའི་བཅུད།། སེམས་ལྷག་ཅན་གྱིས་བཀའ་སྩལ་པ།། ཀ་དག་རྣལ་མ་རང་དངས་པས།། འདི་ཞེ
8b3 ཚིག་ཏུ་མ་གསུངས་པ། ཁྱབ་པས་གཅིག་པའི་བྱིན་རླབས་ཀྱིས།། ཇི་ལྟར་འདོད་པས་སོ་སོར་འཇལ།། ཞེས་གསུངས་སོ།། དེ་ནས་སེམས་དཔའ་རྡོ་རྗེ་ཡིས།། དུས་གསུམ་བདེ་གཤེགས་ཐུགས་ཀྱི་བརྒྱད།། དགོངས་པའི་བཟད་འདུས་བཀའ་སྩལ་པ།།
8b4 གསུམ་གྱིས་མི་ཁྱབ་ཀུན་ཤེས་ན།། བསམ་དུ་མེད་པར་དེ་བཞག་ལ།། དཔག་ཏུ་མེད་པའི་ཡོན་ཏན་འབྱུང་།། རྣམ་པ་ཐམས་ཅད་མཁྱེན་པ་ཡིན།། ཞེས་གསུངས་སོ།། དེ་ནས་འོད་གསལ་རྣམ་དག་གིས།། སངས་རྒྱས་ཀུན་གྱི་ཐུགས་ཀྱི་བཅུད།། ཀུན་གྱི
8b5 པ་འདིར་བཅད་པས།། འདོ་དོན་གང་རིག་ཐོས་པའི་མཆོག། ཐམས་ཅད་འདི་ལས་འབྱུང་བས་ན།། འདི་ཤེས་ཀུན་ཤེས་ཤེས་རབ་མཆོག། ཅེས་གསུངས་སོ།། དེ་ནས་གསལ་དག་དང་དངས་ཁྱེའུ་ཆུང་གིས།། སངས་རྒྱས་ཀུན་གྱི་ཐུགས་དགོངས་པ།
8b6 གསང་བའི་ནང་ནས་གསང་ཆེན་འདི།། ཉིད་ཀྱིས་ཉིད་ཀྱང་མི་མཐོང་བར།། གཞན་གྱིས་ཀ་དག་ག་ལ་མཐོང་།། ཞེས་གསུངས་སོ།། དེ་ནས་དང་དངས་ཁྱེའུ་ཆུང་གིས།། སངས་རྒྱས་ཀུན་གྱི་བཅུད་གསུངས་པ།། ཆོས་རྣམས་ཀུན་གྱི་སྙིང་པོ་འདི།། གསེར་དང
8b7 མཁའ་བཞིན་མི་འགྱུར་བས།། མི་ནུབ་སྟོར་བྲལ་མེད་པའི་ཕྱིར།། ཆོས་ཀྱི་དམ་པ་ཆེན་པོ་མཆོག། ཅེས་གསུངས་སོ།། དེ་ནས་དང་དངས་རིན་ཆེན་གྱིས།། སངས་རྒྱས་ཐུགས་ཀྱི་བཅུད་བྱུང་བ།། མི་འགྱུར་ནམ་མཁའི་རང་བཞིན་ཏེ།། དག་པ་དག་ལ་དག་པ་ཉིད།།
iiif viewer powered by OpenSeadragon
8a - 9a