| | e-texts navigator
|
8a1 ཀྱི་ཡང་སྙིང་བཀའ་སྩལ་པ། རང་བཞིན་གཅིག་པ་དང་། མ་གོས་པ་དང་། གོ་འབྱེད་པ་དང་། སྐྱེ་བ་མེད་པ་དང་། འཇིག་པ་མེད་པ་དང་། དབྱིགས་མེད་པ་དང་། ཁ་དོག་མེད་པ་དང་། འདུས་མ་བྱས་པ་དང་། གཟུང་བ་མེད་པ་དང་།
8a2 འཛིན་པ་མེད་པ་དང་། མཐའ་དང་དབུས་མེད་པ་དང་། འཕེལ་བ་དང་འགྲིབ་པ་མེད་པ་དང་། འགྲོ་བ་དང་འོང་བ་མེད་པ་དང་། གཡོ་བ་དང་འགུལ་བ་མེད་པ་དང་། ཆགས་པ་དང་གནས་པ་མེད་པ་དང་།། འཇིག་པ་དང་སྟོངས་པ་མེད་པ་དང་། འགྱུར་བ་དང་མ་ཁྱབ་པ
8a3 མེད་པ་དང་། མི་འབྱུང་བ་དང་མ་ཆུབ་པ་མེད་པ་དང་། སྐྱོ་བ་དང་དུབ་པ་མེད་པ་དང་། མཚན་ཉིད་དང་རྒྱུ་རྐྱེན་མེད་པ་དང་། འབྲས་བུ་དང་རྩོལ་བ་མེད་པ་དང་། མངོན་པར་འདུ་བྱེད་པ་མ་ཡིན་ནོ།། དཔེར་ན་ནམ་མཁའ་དང་འདྲའོ།། ནམ་མཁའ་དེ་ནི་ཡོད་པ་ལས་མེད་པར
8a4 ར་བ་མ་ཡིན། མེད་པ་ལས་ཡོད་པར་འགྱུར་བ་མ་ཡིན།། དེ་བཞིན་དུ་གསལ་བ་ལས་མི་གསལ་བར་འགྱུར་བའམ། མི་གསལ་བ་ལས་གསལ་བར་འགྱུར་བའམ། ཐ་དད་པ་ལས་གཅིག་ཏུ་འགྱུར་བ་དང་། ཡིན་པ་ལས་མིན་པར་འགྱུར་བ་དང་། མིད་པ་ལས་ཡིན་པར
8a5 འགྱུར་བ་དང་། ཉེ་བ་དང་རིང་བ་དང་། དེ་བཞིན་དུ་ཆེ་ཆུང་བཟང་ངན་བདེ་སྟག་དང་། ཁྱབ་དང་མ་ཁྱབ་དང་། གྱང་དང་མ་བྱུང་དང་། དག་དང་མ་དག་དང་། གྲུབ་དང་མ་གྲུབ་དང་། མཐོང་དང་མ་མཐོང་དང་། ཡ་ས་དང་དོག་དང་། དབྱིབས་དང་ཁ་དོག་དང་། ཕྱི་དང་ནང་དང་། སྐྱེ་བ་དང་འགགས་པ
8a6 དང་། འཕོ་དང་མི་འཕོ་དང་། འགྱུར་དང་མི་འཆུར་དང་། མུན་པ་དང་སྣང་བ་དང་། སྔོན་དང་ཕྱི་མ་དང་། མཐའ་དང་དབུས་དང་། གོར་མ་དེ་དག་ཐམས་ཅད་ཀྱང་། བདག་དང་གཞན་དུ་གྱུར་པ་དང་། དེ་བཞིན་དུ་བླངས་ནས་དོར་བར་གྱུར་པ་དང་། དོར་བ་ལས་བླང་བར
8a7 གྱུར་པ་མེད་པའི་ཕྱིར། ནམ་མཁའ་ནི་ཐམས་ཅད་དུ་མ་བཅོས་པའོ།། དེ་བཞིན་དུ་དངོས་མེད་ཀ་དག་རྣལ་མ་པ། དུས་ཐམས་ཅད་དུ་མ་བཅོས་མ་བསླང་བའོ།། མི་ཅོལ་མི་སེམས། སྤོ་བཅོས་ཞེ་འདོད་དང་རྩིས་གདབ་མེད་པར་གནས་སོ།། རྒྱལ་བ་ཀུན་ཏུ་བཟང་བས
iiif viewer powered by OpenSeadragon
7b - 8b