e-texts navigator
Collection
Volume
Page
Wylie

5b1 མི་ལངས།། རྩ་བ་ཡིད་གཉིས་ང་བདག་ཞེ་འདོད་དུག་གསུམ་སྐྱོན་གྱི་རྩ་བ་ཡིན།། ཞེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས། སྐྱོན་གྱི་རྩ་བ་བསྟན་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་ངང་དངས་གསལ་དག་གིས།། ཡ་ཐོག་ཀ་དག
5b2 སངས་རྒྱས་ལ།། སྙིང་པོ་ཀ་དག་གང་གིས་རྟོགས།། ཞེས་ཞུས་པས།། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྙིང་པོ་བཅུད་སྲུངས་གནད་ཆེན་བཤད།། འོད་གསལ་དང་དངས་ཐུགས་ལ་ཆོངས།། སྙིང་པོ་ཀ་དག་རྟོགས་ཐབས་ལ།། ཞེ་འདོད་བྱ་རྩལ
5b3 རྩོལ་བསྒྲུབ་བཞག། མི་བལྟ་མི་བསྒོམ་མི་སྤྱོད་བློ་ལས་འདས།། དངོས་མེད་ཀ་དག་ཟང་མ་དེ།། བྱ་བ་ཙལ་བས་མ་འདས་མཚོན་དུ་མེད།། བློ་འདས་བསམ་བྲལ་དགོངས་པ་རྟོགས།། རྟོགས་པའི་དུས་ན་ཤེས་བརྗོད་མཐའ་དང་བྲལ།། དངོས་མེད་ཀུན་དངོས
5b4 ཅད་མེད་ཅིང་སྣང་དེ།། ཡེ་མེད་མིན་ཏེ་སྣ་ཚོགས་སྤང་།། སྣ་ཚོགས་སྣང་ལ་དངོས་གཞི་མེད།། ཅང་མེད་མ་ཡིན་གཉིས་སུ་སྣང་།། གཉིས་སུ་མ་གྲུབ་གཅིག་ཏུ་འདུག། གཅིག་ཏུ་མི་འདུག་དངོས་པོ་མེད།། དངོས་མེད་མཚན་ཉིད་བློ་ལས་འདས།། རེ་ཞིག
5b5 མཚོན་ན་གསལ་སྟོང་དབྱེར་མེད་དེ།། རང་བྱུང་འོད་གསལ་དང་དངས་རྣམ་པར་དག། གསལ་དངས་སང་ངེ་དངས་ལ་གོ་སྐབས་མེད།། དེ་ཡིས་སྙིང་པོ་ཀ་དག་རྟོགས།། ཅི་ཡང་མ་ཡིན་བྱང་ཆུབ་སེམས།། དངོས་མེད་རྩིས་གདབ་བློ་ལས་འདས་པའོ།། སྙིང་པོ་བཟུད
5b6 སྤངས་གདམས་ངག་གནད།། ཅེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས། སྙིང་པོ་ཀ་དག་རྟོགས་པའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་དང་དངས་གསལ་དག་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། བྱར་མེད་བློ་འདས་དེ་ལྟར་ལགས།། ཞེས
5b7 ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། བྱར་མེད་བློ་འདས་རས་བཤད་ཀྱིས།། འཁོར་རྣམས་མ་ཡེངས་གུས་པས་ཉོན།། དགུ་ཧྱེ་སྠི་ཏི་ཡོག་ནི།། བྱ་བཙལ་རྩོལ་བ་མོ་བྱེད་དེ།། མ་བཅོས་དང་ལ་བཞག་པས་ཆོག། བྱས་པའི་ཆོས་རྣམས་ལ




iiif viewer powered by OpenSeadragon

5a - 6a

Texts on this page

Gdg003.1 - sangs rgyas kun gyi dgongs pa'i bcud bsdus ri bo brtsegs pa'i rgyud