e-texts navigator
Collection
Volume
Page
Wylie

56a1 ཉིད་ཀྱིས།། ཨེམ་ཞེས་རབ་ད་པས།། སྣོད་བརྒྱད་འཇིག་རྟེན་ཐམས་ཅད་ནི།། ཟིང་ནག་སུ་གསུམ་མེ་དྲུབས་པ།། གཤེད་བྱེད་ཐམས་ཅད་བརླག་པར་བས་པ།། དེ་ནས་དྲི་མ་དེ་ཉིད་པ།། དབའི་ལུང་ནི་བ་བརྗོད
56a2 པས།། ཞི་ཁྲིའི་ལྷ་ཚོགས་དེ་དག་ཀུན།། དྲི་མཚེ་འདིས་ལུས་ལེ་གཟུག།། དེ་ནས་དྲི་མ་དེ་ཉིད་ནི།། ལྷ་ཚོགས་རྣམས་སུ་གསལ་བ་དང་།། ཚོ་ངས་དེ་ཡི་ལུས་པོ་ལ།། མཛེས་པའི་རྒྱན་ཆ་དག་གིས་བརྒྱན།། དང་དབྱང་བ་དག་དང་གདུགས་ཀྱིས་དག་པ
56a3 དེ་ནས་རྡོ་རྗེ་སློབ་དཔོན་དེས།། དབང་ཆེན་སྟབས་སུ་བཞུགས་ནས་ནི།། ཚོགས་བཅད་འདི་སྐད་བརྗོད་པར་བྱ།། ཨེ་མ་ཧོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། སུ་དང་གསུང་དང་ཐུགས་དང་ནི།། ཡོན་ཏན་ཕྲིན་ལས་ཟག་པ་ཟང་།། ཟད་མི་ཤེས་པ་ཡི་བདེན
56a4 པ་དང་།། གཞན་ཡང་བདག་ཅག་རྡོ་རྗེ་སློབ་དཔོན་དང་།། གསང་བའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདེན་པས། གཤིན་པོ་ཚེ་ལ་འདས་པ་འདི། རིགས་དྲུག་གང་ན་གནས་ཀྱང་རུང་སྟེ། ངན་སོང་གསུམ་གྱི་སྒོ་ཆོད་ཅིག། མཐོ་རིས་སུ་སྒོ་འབྱེད་པའི་གསང
56a5 བའི་དཀྱིལ་འཁོར་འདིར། སྐད་ཅིག་ལ་མཆིས་པར་གྱུར་ཅིག། གཞན་ཡང་འདི་ལ་གནོད་པར་བྱེད་པའི་བདུད་དམ། བགེགས་གང་ཡང་རུང་བས། འདིའི་གནོད་པར་མ་བྱེད་ཅིག། གལ་ཏེ་གནོད་པར་བྱས་ན། བཅོམ་ལྡན་འདས་པདྨ་དབང་ཆེན་གྱི་བྱིན་རླབས
56a6 ཀྱིས། ཐལ་བ་རྡུལ་ཕྲན་བཞིན་དུ་གྱུར་ཅིག། དེ་སྐད་ཅེས་བརྗོད་ཅིང་སྔགས་འདི་གསུམ་བརྗོད་དོ།། ཨོཾ་བི་ཤ་ཀྲོ་དྷ་ཧ་ན་ཧ་ན་ཧ་ལ་ཧ་ལ་ཧཱུ~ཾ་ཕཊ། ཅེས་བརྗོད་ཅིང་། ཉུང་ཀ་ར་ལ་བསྔགས་པ་ཕྱོགས་བཅུད་གཏོང་ངོ་།། དེ་ནས་འཛབ་ཏུ་འགྲང་བའི་སྔགས་འདི་གྲོ
56a7 བརྡུང་ཞིང་བཟླས་སོ།། ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲ་དྷ་ཧ་ཡ་ཀྵི་པ་ཧཱུཾ་ཧྲཱིཿསྔགས་དེ་ལས་ནི་འོད་འཕྲོས་པས།། རྟ་མགྲིན་དམར་པོ་གྲངས་མེད་འཕྲོས།། འགྲོ་དྲུག་གནས་ནས་དྲངས་པར་བསམ།། དེ་ནས་དྲི་མའི་སྙིང་ག་ནས།། རྟ་མགྲིན་དེ་དག་ཐམས་ཅད་ཀྱིས།




iiif viewer powered by OpenSeadragon

55b - 56b

Texts on this page

Gdg003.5 - sku thams cad kyi snang ba ston pa / dbang rdzogs pa rang byung chen po'i rgyud