| | e-texts navigator
|
55b1 བཞག་སྟེ།། རས་དཀར་གཙང་མས་མགུལ་ཚངས་བྱ།། ནང་དུ་ཆུ་གཙང་དག་གིས་དགང་།། ཁ་རྒྱན་ཅི་འབྱོར་དག་གིས་བྱ།། ཤར་ཕྱོགས་དག་ཏུ་གཏོར་མ་གཅིག། རཀྟ་བདུད་རྩིས་བྲན་ལ་བཞག། ཛྷ་ལྕགས་གཏར་མ་ཁུད་ཀྱིས་བྲན།། ནུབ་ཀྱིར་ཀྟ་དག་གིས་རྦན།།
55b2 བྱང་དུ་བདུད་རྩིའི་དྲི་ཆུས་བྲན།། བྱང་ཤར་མཚམས་སུ་ལན་ཆགས་གཏོར།། ཤ་སྣ་ཚོགས་ཚད་དག་དང་ནི།། དཀར་གསུམ་མང་ངགསུམ་ལ་སོགས་དང་།། ཉ་ཤ་དག་དང་སྒོང་དང་།། ཁུང་བ་ལ་སོགས་ཟས་སྒྲ་རྣམས།། ཅི་འབྱོར་པ་ཡིས་གཏོར་མ་བརྒྱན།། འབྲས
55b3 ཆང་གྲོ་ཆང་ཡོས་ཆང་དང་།། བུ་རམ་ཆུ་དང་ཀར་རྒྱ་དང་།། དང་བཞོ་དང་མར་ཁུ་ཡིས།། གཏོར་མདོ་ཉིད་བྲན་ཏེ་བཞག། གསང་བའི་དཀྱིལ་འཁོར་དེ་ཉིད་ལ།། སྒོ་བཞི་རལ་གྲི་བཞི་ཡང་གཟུག། གྲུ་བཞིར་མདའ་བཞི་མེ་ལོང་བཞི།། དང་སྣ་བཞི་ཡང་གདགས
55b4 དེནས་དཀྱི་ལའཛིན་ཉིད་འི།། ནི་གྲོ་མྦྷི་ཡིད་ཀྱི་ལཁོང་དམ།། གདུནན་སྟོང་དུ་དགྲམ་པ་ཙྱཻ།། དེམ་ཉྀང་རྒྱས་དག་ཅང་མ་མས།། གདུགས་ནི་དང་ཏུ་བྲབས་པར་།། དས་དཀར་གཅིང་མདོ་ཉིད་ལ།། མ་ཨུ་ཉྀད་དཀྱིལ་དུཿ།
55b5 གསང་བའི་དཀྱིལ་འཁོར་དེ་ཉིད་ལ།། མཐིང་ནག་དང་ཀྵུཾ་ཡོལ་བ་བྲེ།། དཀྱིལ་འཁོར་དེ་ཡི་ཤར་ལྷོ་རུ།། དྲི་མ་དག་ནི་དགོད་ལ་བཞག། ཕོ་ལ་གཞུ་དང་དོང་ངལ་དང་།། ཕོ་ཡི་ཆས་སུ་ཅི་ཡོད་བཞག། མོ་ལ་འཕང་དང་སྲུར་མ་དང་།། མོ་ཡི་ཆ་བྱིན་ཅི་ཡོད་བཞག།
55b6 དེ་ནས་དྲི་མ་དེ་དག་ལ།། གཤིན་གྱི་མིང་བྱུང་བསྟན་པ་ནི།། ཤོག་གུ་དང་ལ་རབ་བྲིས་ནས།། མདའ་འཕང་དག་ལ་བཏགས་ལ་གཟུག། དེ་ནས་གཏོར་མ་ཆ་གསུམ་བཏང་།། གྱི་ཆོ་ག་ལ་སོགས་མཆོད་པ་ལྔ།། གཞུང་དང་མཐུན་པར་རབ་བྱས་ནས།། ཞི་བའི
55b7 ཕྲིན་ལས་རྫོགས་པར་བྱ།། དེ་ནས་ཁྲོ་བོའི་གཞུང་བསྲང་ལ།། གཤེད་བྱེད་བསྐྲད་པའི་ཆོ་ག་བྱ།། དེ་ནས་དྲི་མ་དེ་ཉིད་ལ།། སློབ་དཔོན་ཏིང་འཛིན་ལྡན་པ་དེས།། ཕ་མོ་གང་ཡིན་རྣམ་ཤེས་དགུག། དེ་ཡི་ཁཾགས་བསྲེག་སྦྱང་བཀྲུས།། དེ་ནས་སྔགས་འཆང་དེ
iiif viewer powered by OpenSeadragon
55a - 56a