e-texts navigator
Collection
Volume
Page
Wylie

54b1 པ་དང་བྱུང་ཆེན་པའི་རྒྱུད་ལས། ཁྲུས་ཀྱི་ལེཊ་སྟེ་གཉིས་པ་ལ།། ། སྡུག་ག་དྷ། མཧཱ་སྭ་ཀས་པ་ཡ་དུ་ན་མ། བད་ས་དང་། གཞན་གྱི་གནས་སྲུང་ཅན་མ་ཞུས་བྱ་བ། བཅོམ་ལྡན་འདས་དཔལ་མཉམ་པའི་རྒྱལ་པ་ལ་ཕྱག་འཚལ་མ།། ད
54b2 ནས་བཅོམ་ལྡན་འདས་དཔལ་པདྨའི་རྒྱལ་པོ་དེ་ཉིད་ཀྱིས། སེམས་ཅན་ཚེ་འདས་པའི་སེམས། རིག་པ་ངོ་སྤང་བའི་ཆོ་ག་དང་། རིགས་དྲུག་ནས་དྲངས་ཤིང་ལམ་སྟོན་པ་འདི་གསུངས་སོ།། ཕྱོགས་བཅུ་ན་གནས་པའི་ལྷ་དང་། ཀླ་དང་། ལྷ་མ་ཡིན་དང་། མི་དང་།
54b3 ཆུབ་སེམས་དཔའི་འཁོར་རྣམས་ལ་རབ་ཏུ་བོས་ཏེ་འདི་གསུངས་སོ།། ཀྱེ་འདུས་པའི་ཚོགས་ཕལ་ཆེར་དེ་ལ་ཉོན་ཅིག། སེམས་ཅན་ཐམས་ཅད་སྡུག་བསྔལ་ལ་ཆགས་ཤིང་།། སྡུག་བསྔལ་ལ་སྤྱོད་པའོ།། ཚེ་འདས་པའི་སྡུག་བསྔལ་དང་། རྣམ་རྟོག་སྦྱོང་བའི
54b4 ཕྱིར། ངས་ཚེ་འདས་པ་བང་དྲོ་ལས་འདས་པའི་ལམ་དུ་ལུང་བསྟན་པ་འདི་བསྟན་གྱིས། ལེགས་པར་ཉོན་ཅིག་ཅེས་གསུངས་པས། དེ་ནས་འཁོར་རྣམས་རབ་ཏུ་དགའ་སྟེ་འདི་སྐད་བརྗོད་དོ།། ཨེ་མ་ཧོ།། ལེགས་སོ་བདག་ཅག་རྣམས་ཀྱི་ལེགས་པར་བཟུང་།
54b5 དཔའ་བོ་ཆེན་པོས་བཀའ་སྩོལ་ཅིག། དེ་ནས་དབང་ཆེན་དེ་ཉིད་ཀྱིས། ཉེ་བའི་འཁོར་ལ་བཀའ་སྩལ་པ། ཀྱེ་ཀྱེ་འདུས་པའི་འཁོར་ཚོགས་ཉོན།། གནས་ཀྱི་ཆོ་ག་ཆེན་མོ་ནི།། ང་ཡིས་ལགས་པར་བཤད་པར་བྱ།། སེམས་ཅན་ལས་ཀྱིས་མནར་བ་ཡི།། དབང
54b6 པོ་རབ་འབྲིང་ཐ་མ་གསུམ།། ཤིན་ཏུ་རྒྱས་པ་འདི་ལྟ་སྟེ།། དབང་པོ་ཉི་ཤུ་རྩ་གཅིག་གོ།། ཡང་གསོལ་པ། སེམས་ཅན་ལས་ཀྱི་མནད་དེ་ཡི།། བར་དོའི་གནས་ལུགས་ཅི་ལྟར་ལགས།། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། སེམས་ཅན་ཀུན་གྱི་ལམ་ཆེན་ནི།། བར
54b7 དེའི་སྣང་བ་ཆེན་པོ་ཡིན།། རྣམ་པ་བཞི་དུང་ཡིས་གསུངས།། རང་བཞིན་གནས་པའི་བར་དོ་དང་།། ཆོས་ཉིད་དང་སྣང་བར་དེ་དང་།། རྨི་ལམ་འཛིན་པའི་བ་དོ་དང་།། སྲིད་པའི་ཁྱམས་བྱེད་པར་དེའོ།། རང་བཞིན་གནས་པའི་བར་དོལ།། ཆོས་ཉིད་གསང་བའི་དོན་རྟོགས




iiif viewer powered by OpenSeadragon

54a - 55a

Texts on this page

Gdg003.5 - sku thams cad kyi snang ba ston pa / dbang rdzogs pa rang byung chen po'i rgyud