e-texts navigator
Collection
Volume
Page
Wylie

52a1 བྱ་ཁྲོབ་བསམ་བྱེས་མི་ཁྱབ་པར་།། ཐུལ་བྲམ་གྱི་སྐལ་པ་དང་། མངམ་ཚོའི་རྒྱལ་བ་དང་།། ཀཽའབྱུང་རྒྱལ་བ་དང་། སྐམ་ཡིན་གྱི་ཐལ་བ་དང་། ཛྙཱནའི་ཐལ་དངན། བྱུང་བ་ཐམས་ཅད་ཀྱི་རྒྱལ་བ་དང་། ཤ་བའི་རྒྱལ་པོ་དང་། ཡེ་དྭགས
52a2 ཀྱི་རྒྱལ་པོ་དང་། ས་ལ་གནས་པ་དང་། ཆུལ་གནས་པ་དང་། རླུང་ལ་གནས་པ་དང་། མེ་ལ་གནས་པ་དང་། ནམ་མཁའ་ལ་གནས་པའི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བའོ།། དེ་ནས་བཅོམ་ལྡན་འདས་དཔལ་ཆེན་པོ་དེ་ཉིད་དྲེགས་པ་ཅན་ཐམས་ཅད་དབང་དུ་སྲུད་པ
52a3 ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་འཁོར་དཔག་ཏུ་མེད་པའི་རིགས་རྣམས་དང་། ཐབས་ཅིག་ཏུ་བཞུགས་སོ།། ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གླེང་གཞིའི་ལེ་རྦ་སྟེ་དང་ངོ་།། ། རྒྱ་ག་སྐད་དུ། སརྦ
52a4 སིན་དྷུ་ཧུ་ཀ་ར་ཡ་སིད་ནཱ་མ། བོད་སྐད་དུ། ཁྲུས་ཐམས་ཅད་ཀྱི་ལུང་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། དེ་ནས་འཁོར་དེ་རྣམས་ཀྱི་ནང་ནས། གསང་བའི་བདག་ཉིད་རྡོ་རྗེ་རྣམ་འཇོམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།།
52a5 ཀྱེ་བཅོམ་ལྡན་དབང་གི་བདག། ཁམས་གསུམ་འཁོར་བའི་སེམས་ཅན་ལ།། རྣམ་ཏོག་དྲི་མ་བསམ་ཡས་པས།། སྒྲིབ་པ་རྣམ་པ་གཉིས་སྤངས་པའི།། ཐབས་ཆེན་མཚོན་པའི་ཡན་ལག་དང་།། སེམས་ཅན་དྲི་མ་ཅན་དག་གི།། རྟོགས་པ་སྦྱངས་པའི་ཁྲུས
52a6 ཆེན་དང་།། ཁྲུས་ཀྱི་སྒྲུབ་པ་གསུང་དུ་གསོལ།། དེ་ནས་པདྨ་ཧེ་རུ་ཀས།། རྣམ་འཇོམས་ཉིད་ལ་བཀའ་སྩལ་པ།། ཀྱེ་མ་རྡོ་རྗེ་རྣམ་འཇོམས་ཉོན།། ངས་བསྟན་ལེགས་པར་ཡིད་ལ་ཟུང་།། ཁྲུས་ཀྱིས་རྣམ་རྟོག་སྐྱོང་བྱེད་ན།། ཤིན་ཏུ་དབེན་པའི་གནས་དག་ཏུ།
52a7 གྱི་མཚམས་ཚུལ་བཞིན་བྱ་བ་དང་།། སྤྱི་བཤགས་ལ་སོགས་རབ་ཏུ་བྱ།། དེ་ནས་དཀྱིལ་འཁོར་འདོམ་གང་ལ།། བ་ཡི་རྣམ་ལྡེས་སྦྱང་བར་བྱ།། ཙནྡན་ལ་སོགས་དྲི་ཞིམ་པོས།། ཆག་ཆག་དབ་ཏུ་བཏབ་ནས་ནི།། ཐེན་ནི་གཞུང་དང་མཐུད་པ་སྟེ།། ཤིན་ཏུ་བྱས




iiif viewer powered by OpenSeadragon

51b - 52b

Texts on this page

Gdg003.5 - sku thams cad kyi snang ba ston pa / dbang rdzogs pa rang byung chen po'i rgyud