| | e-texts navigator
|
50b1 གས་ལ་དང་ས་སངས་རོ།། ཡེ་ཤེས་མིག་གཅིག་དྲི་མ་དག། ཡེ་དག་ཤེལ་སྒོང་ཏི་བླ་བཞིན།། རྟོག་ཚོགས་སྒྲིབ་གཡོགས་ཉོན་མོངས་དག། དང་དངས་གསལ་གདངས་རྒྱུད་དུ་ཟུང་།། ལྕེ་མེད་ཀ་དག་ཆས་སྲ་ཟང་ཀང་གནས།། ཀ་དག་ཟང་ཀར
50b2 སྤྱད་དུ་ཟུང་།། ཞེས་གསུངས་སོ།། ཀ་དག་ཟང་ཀའི་རྒྱུད་ལས། མཚན་བསྟན་པའི་ལེའུ་སྟེ་དགུ་པའོ།། ། དེ་ནས་དངོས་མེད་ཟང་ཀ་ཡིས།། སྐྱེ་མེད་ཀཽ་དག་སྟོན་པ་ལ།། རྒྱུད་འདི་གཏད་པ་གང་ལ་གཏད།། རྗེས་ཞུས་པས།
50b3 སྟོན་པས་འཁོར་ལ་བཀའ་སྩལ་པ།། རྒྱུད་འདི་གཏད་པའི་སློབ་མ་ནི།། སྨྲས་པ་མི་འགྱུར་རི་བ་འདྲ།། དམ་ཚིག་ཤེལ་སྐྱོང་པདྨ་འདྲ།། རང་རྒྱུད་གླ་བྲེང་དང་དཀར་འདྲ།། ཤེས་རབ་རིག་པས་གྲྀ་རལ་གྲི་འདྲ།། བླ་མ་ལ་གུས་དགེ་སེམས་དམ
50b4 ཚིག་ལྡན།། མན་ངག་གཏེར་འཆང་འདོད་དོན་ཁང་མི་གཏང་།། དེ་ལྟ་བུ་ཡི་སློབ་མ་ལ།། སྐྱེ་མེད་ཀ་དག་ཆུད་འདི་གཏད།། སྣོད་མེད་དམ་མེད་ད་རྒྱུ་འདྲེགས་པ་ཅན་ལམ་སྦྱིན་ཅིག། ཅེས་གསུངས་སོ།། ལྕེ་མེད་ཀ་དག་ཟང་ཀའི་རྒྱུད་ལས།
50b5 ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་པའོ།། ། སྐྱེ་མེད་ཀ་དག་གི་རྒྱུད་རྫོགས་སོ།། ། རྒྱ་གང་སྐད་དུ། ཀཱ་ཡཱ་ལོ་ཀི་དྷིརྞཌྷེ་ཥིཥྚ་མ་ཧཱ་སྭ་ཡཾ་དྷྱ་ཏཏྟ་ནྟྲ་མ། བོད་སྐད་དུ། སྐུ་ཐམས་ཅད་ཀྱི་སྣང་བ་སྟོན་པ། དབང
50b6 རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དབང་ཐམས་ཅད་ཀྱི་བདག་ཉིད་པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། རླིག་པའི་སྡང་བ་ཡོངས་སུ་གསལ་བའི་གཞལ་ཡས་ན།
50b7 རིག་པའི་རྩལ་གྱི་དབང་གི་མདོའི་བདག་དེས། འདི་སྐད་ཅེས་བསྟན་ཏོ།། སྣང་བའི་རིག་པ་ཁྱད་པར་ཅན་ཀུན་ཏུ་སྣང་བ་རྣམས་ཉན་ཅིག། རིག་པའི་གནས་ལུགས་འགགས་པ་མེད་པའི་དབང་།། ཟླབ་རྒྱུན་དུ་སྤྱོད་པའི་དབང་། འདྲས
iiif viewer powered by OpenSeadragon
50a - 51a