| | e-texts navigator
|
49b1 པས་འཁོར་ལ་བཀའ་སྩལ་པ།། རྟོགས་ཐབས་ཐུགས་ཀྱི་བཅུད་ཕྱུང་བཤད།། དངོས་མེད་ཟང་ཀའི་ཐུགས་ལ་ཆོངས།། སྐྱེ་བ་མེད་པར་གཏན་ལ་དབབ།། ལ་མ་ཀ་ནས་དག་པར་གཏན་ལ་དབབ།། འབྲས་བུ་དངོས་མེད་ཟང་ཀ་ལ
49b2 ཡང་བཟླ།། གཞི་ནི་སྐྱེ་མེད་བརྗོད་འདས་ཐ་སྙད་མེད།། རྣམ་པ་གང་གིས་མིང་མ་ཐོགས།། ཐིག་པ་ཆེན་པོ་ཡི་གེ་མེད།། རྣམ་པ་ཀུན་ལྡན་རྣམ་མེད་དཔེ་ཡང་མེད།། སྣ་ཚོགས་ཆོས་རྣམས་མཐའ་ཡས་གྲོལ།། སྐྱེ་མེད་རང་དངས
49b3 ཤེས་མེད་རྟོག་པ་མེད།། ཅེས་གསུངས་སོ།། ཀ་དག་ལམ་དུ་ཁྱེར་བ་ནི།། སྒྲིབ་གཉིས་འཁོར་འདས་ཆོས་རྣམས་ཀ་ནས་དག། ཡུལ་རྣམས་ཀ་དག་ཕྱོགས་རིས་མེད།། རིག་ཡིད་སེམས་དག་འཛིན་རྟོག་མེད།། སྣ་ཚོགས
49b4 ཆོས་རྣམས་ཡུལ་སྣང་ལ།། རིག་སེམས་དྲན་བློ་གང་ལ་ཡིད་མི་འཇུག། རྟོག་དཔྱོད་གཟུང་འཛིན་དབྱེ་བསལ་མེད།། རང་བྱུང་རྩལ་དངས་འཛིན་མེད་ཟང་ཐལ་ལོ།། སྙིང་པོ་ཡན་ལག་གཉིས་མེད་ཤེས་པ་མེ་བུ་འཕྲོད།། གསལ་སྟོང་དབྱེར
49b5 མེད་ནམ་མཁའ་འདྲ།། ཤུག་འབྱུང་དང་དངས་ནམ་མཁའ་འདྲ།། ཞེས་མེད་གསལ་དངས་དང་ས་སངས་དེ།། ང་བྱུང་དང་དངས་སྤྱོང་སངས་དེ།། གསལ་དག་དང་གྲོལ་བདེ་ཁྱོད་དེ།། རང་སངས་དང་རླག་གོ་སྐབས་མེད།། མེད་ལས་ཀུན་འབྱུང་སྙིང་པོ་འོད་གསལ་ཀློང་།། ཅང་མེད་ཅིང
49b6 སྣང་དངོས་མེད་སྣ་ཚོགས་གཅིག་ཏུ་འདུས།། གཅིག་དང་མེད་ཤེས་མེད་ཀུན་ཤེས།། ཀུན་འཕྱེ་སློང་ལག་པའོ།། སྣང་སྟོང་རིག་སྟོང་ཡུལ་སེམས་གཉིས་མེད་སྟོང་།། ཀུན་འབྱུང་ཀུན་གསལ་ཀུན་སྣང་ཀུན་བརྟགས་ཀུན་གཞི་མེད།། མཁའ
49b7 དབྱིངས་ཆོས་ཉིད་ཀུན་གཞིའི་ཕོ་བྲང་ནས།། སྣ་ཚོགས་རྩལ་ཟེར་མཁའ་དབྱིངས་ཆོས་ཉིད་ཀློང་དུ་ཐིམ།། སྟོང་ལ་གསལ་དངས་དང་ལ་དངོས་གཞི་ཅི་ཡང་མེད།། མཚོན་པའི་ཚིག་མེད་ཐ་སྙད་ཀུན་དང་བྲལ།། བརྗོད་དུ་ཡོ་མེད་ཆོས་རྣམས་ཟད་སར
iiif viewer powered by OpenSeadragon
49a - 50a