| | e-texts navigator
|
49a1 ཤིག་བཤད།། གཅིག་མེད་མཚན་མེད་མ་བཤད་ཀུན་རྟོགས་བཤད།། སངས་རྒྱས་སྐུ་དང་ཡེ་ཤེས་རིགས་ལྔ་བྱང་ཆུབ་ལྔ།། ཐེག་ཆོས་གྲུབ་མཐའ་ཐ་སྙད་མེད་འདོགས་རྣམས།། བླ་དགས་ཡིན་ཏེ་དོན་ལ་བརྗོད
49a2 མེད།། ཆོས་པོར་སངས་རྒྱས་རིག་མེད་ཀ་དག་རྟོགས།། སེམས་མེད་སངས་རྒྱས་ཡིད་མེད་སྣང་བ་དག། མཚན་མེད་དཔེ་མེད་བཤད་མེད་དངོས་གཞི་མེད།། སྣང་སྲིད་འཁོར་འདས་ཡོད་མེད་ཇི་སྙེད་མ་ལུས་ཀུན།། སྐྱེ་མེད་ཀ་དག་བློ་འདས།
49a3 དངོས་མེད་སྙིང་པོའི་ཆོས་ཤིག་བཤད།། ཐ་སྙད་ཀུན་བྲལ་བརྗོད་མེད་དེ་ཉིད་ཁོ་ན་བཤད།། བཤད་པ་མ་ཡིན་མཚོན་དུ་ཚིག་ལས་འདས།། ཆོས་གཅིག་མ་བཤད་ཆོས་ག། ཅིག་དངོས་པོ་མེད།། མེད་པ་མ་ཡིན་སྟོང་གསལ་མཐའ་རྣམས་ཐོང་།། །
49a4 ཞེས་གསུངས་སོ།། དངོས་མེད་བཤད་ཐབས་ཀྱི་ལེའུ་སྟེ་ལྔ་པའོ།། ། དེ་ནས་དངོས་མེད་ཟང་ཀ་ཡིས།། སྡེ་མེད་ཀ་དག་རྒྱས་ཡུལ།། ཡང་དབྱུཀ་དག་ཇི་ལྟར་རྟགས།། ཞེས་ཞུས་པས། ལྡན་པས་འཁྲིར་ལ
49a5 བཀའ་སྩལ་པ།། ཡང་རབསྐལ་ལྡན་རྣལ་འབྱོར་གྱིས།། གོང་ལྟར་དོན་ལས་མ་གཡོས་པར།། སྐྱེ་མེད་ཀ་དག་དངོས་མེད་ཟེང་ཀ་རྟོགས།། གོང་བཤད་དོན་རྣམས་སེམས་དང་འདྲེས།། རང་བྱུང་རིས་མོད་རང་སར་ཐིམ།།
49a6 གསལ་སྐྱོང་སྣད་མེད་ཡུལ་སེམས་མེད།། འཁྲུལ་ཆོད་འཛིན་མེད་སྡང་བ་དག། ཕྱི་རོལ་ནང་དག་ཡིད་གཉིས་མེད།། ཟོལ་བུང་དང་དངས་ཀློང་དུ་ཐིམ།། གཉིས་སྣང་ཞེ་འདོད་འ་ཅོལ་ཡོངས་མི་རྟོག། ཞེས་གསུངས་སོ།།
49a7 ཀ་དག་གི་རྒྱུད་ལས། ཡང་རབ་བསྟེན་པའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་དངོས་མེད་ཟང་ཀ་ཡིས།། སྐྱེ་མེད་ཀ་དག་ཆོས་སླུ་པ།། རྟོགས་ཐབས་གདམས་རིག་ཇི་ལྟར་ལགས།། ཞེས་ཞུས་པ་དང་། སྟོན
iiif viewer powered by OpenSeadragon
48b - 49b