| | e-texts navigator
|
48b1 སལ་ལེ་ལྡན་ནི་ཕྱེད་དེ་བྲན་ནོའོ།། ཐ་སྤྱད་ཙམ་ཡིན་མཚོན་དུ་ཅི་ཡང་མེད།། མིད་མེད་མཚོན་འདས་གང་གི་དངོས་གཞི་མེད།། དེ་ལྟར་སྲས་རྟོགས་ཟང་ཀ་ཡིན།། ཞེས་གསུངས་སོ།། སྐྱེ་མེད་ཀ་དག་གི་ཆུང་ལས།
48b2 ཟ་ཀ་མའི་དོན་བསྟན་པའི་ལེའུ་སྟེ་བཞི་པའོ།། དེ་ནས་དངོས་མེད་ཟང་ཀླུ་ཡིས།། ལྕེ་མེད་ཀ་དག་སྟོན་པ་ཆོས་སྒྲ་ལ།། དངོས་མེད་ཟླ་འདས་ཇི་ལྟར་བཤད།། ཅེས་ཞེས་པ་དང་། སྟོན་པས
48b3 འཁོར་ལ་བཀའ་སྩལ་པ།། དངོས་མེད་བློ་འདས་བཤད་དུ་མེད་ན་ཡང་།། ཡང་དག་ཚིག་གི་སྒྲོན་མས་སྐལ་ལྡན་འཁོར་ལ་བཤད།། བྱ་བཙལ་བློ་འདུས་ཆོས་ཤིག་བཤད།། ཡུལ་སེམས་དངོས་མེད་ཆོས་ཤིག་བཤད།།
48b4 ཞ་འདོད་མེད་པའི་ཆོས་ཤིག་བཤད།། རྩོལ་བསྒྲུབ་མེད་པའི་ཆོས་ཤིག་བཤད།། མ་འདྲེས་ཡོངས་རྫོགས་ཆོས་ཤིག་བཤད།། འུབ་ཆུབ་ཆེན་པོའི་ཆོས་ཤིག་བཤད།། གསལ་དག་རང་གྲོལ་ཆོས་ཤིག་བཤད།། རང
48b5 བྱུང་དང་རིག་ཆོས་ཤིག་བཤད།། ཟིལ་བྱུང་དང་དངས་ཡུལ་མེད་ཆོས་ཤིག་བཤད།། ལྕེ་མེད་ཀ་དག་ཆོས་ཤིག་བཤད།། དངོས་མེད་ཟད་ཀའི་ཆོས་ཤིག་བཤད།། སྔོན་ཐོགས་རྣན་ཆེས་ཤིག་བཤད།། བྱ་བྲལ་ཡེ
48b6 བཞག་ཆོས་ཤིག་བཤད།། ཆོས་ཟང་བློ་ཟད་ཆོས་ཤིག་བཤད།། སེམས་མེད་དུ་ངོས་མེད་ཆོས་ཤིག་བཤད།། རེག་མེད་སྡེ་མེད་ཆོས་ཤིག་བཤད།། སྣང་མེད་རྟག་མེད་ཆེས་ཤིག་བཤད།། སྦས་པའི་མཐའ་རྣམས
48b7 ཡོངས་བྲལ་ཆོས་ཤིག་བཤད།། སྣ་ཚོགས་གཅིག་འདུས་ཆོས་ཤིག་བཤད།། གཅིག་མེད་ཟད་པར་ཟད་པའི་ཆོས་ཤིག་བཤད།། ཐུག་སར་ཐུག་པས་སྩོལ་ས་དམྱལ་བའི་ཆོས་ཤིག་བཤད།། དངོས་མེད་ཀུན་འབྱུང་སྣ་ཚོགས་ཆོས
iiif viewer powered by OpenSeadragon
48a - 49a