e-texts navigator
Collection
Volume
Page
Wylie

47b1 ལཞུས་པ་དང་།། སྙན་པས་འཁོར་ལ་བཀའ་སྩལ་པ།། ཀ་དག་ཉིད་ལ་དག་དང་མདག་མེད།། དེ་མ་རྟགས་ཀྱི་བློ་ཅན་ལ།། ཉི་མའི་དཔེས་མཚོན་ཤལ་གང་ཀ་དག་བསྟན།། དངོས་མེད་ཟང་ཀ་ཀ་དག་ཆུང་མ་ཏན།། ཉི་མའི་དཔེ་ལ་མུན་པ་ཀནས་དག། ཤལ་གང་པ་ནི་གཞན
47b2 སྐྱོན་གནས་དག། དེ་བཞིན་ཀ་དག་རང་བཞིན་ཀྱང་།། འཁྲུལ་གཞི་མགྲུབ་ཀ་ནས་དག། དཁྲུལ་རྒྱུ་མགྲུབ་ཀ་ནས་དག། འཁྲུལ་རྐྱེན་མགྲུབ་ཀ་ནས་དག། འཁྲུལ་འབྲས་མགྲབ་ཀ་ནས་དག། འཁྲུལ་ཚུལ་མ་གྲུབ་ཀ་ནས་དག། འཁྲུལ་ཙཱཔ་མ་གྲུབ་ཀ་ནས་དག། དུག་གསུམ
47b3 མ་གྲུབ་ཀ་ནས་དག། དུག་ལྔ་མ་གྲུབ་ཀ་ནས་དག། ཡིད་འཁོར་གསུམ་མེད་ཀ་ནས་དག། འགྱུ་བའི་རླུང་མེད་ཀ་ནས་དག། གསལ་བའི་འོད་མེད་ཀ་ནས་དག། འཆར་བའི་ཟེར་མེད་ཀ་ནས་དག། སྐྱེ་བའི་རིག་མེད་ཀ་ནས་དག། ཤེས་རབ་མཉམ་མེད་ཀ་ནས་དག། མ་རིག
47b4 འཁྲུལ་མེད་འཁྲུལ་སྒོ་དག། འཁྲུལ་ཚུལ་རྣམ་གསུམ་ཀ་ནས་དག། འཁྲུལ་མིན་གཟུགས་ལྔ་ཀ་ནས་དག། ཁམས་གསུམ་འགྲོ་དྲུག་ཀ་ནས་དག། ཡིད་གཉིས་གཟུང་འཛིན་ཀ་ནས་དག། འགོང་པོ་ང་བདག་ཀ་ནས་དག། ཡུལ་སེམས་དབྱེ་བསལ་ཀ་ནས་དག།
47b5 ཕྱི་ནང་དགག་བསྒྲུབ་སྤང་ལེན་ཀཱ་ནས་དག། སྣང་སྲིད་འཁོར་འདས་ཀ་ནས་དང་།། ཡོད་མེད་རྟག་ཆད་ཀ་ནས་དག། གཟུགས་སྣང་རིག་བརྟགས་ཇི་སྙེད་མ་ལུས་ཀ་ནས་དག། སྣང་སྲིད་འཁོར་འདས་ཀ་ནས་དག། ཅེས་གསུངས་སོ།། ཡང་སྟོན་པས
47b6 བཀའ་སྩལ་པ།། ཀུན་གྱི་གཞི་མེད་ཀ་ནས་དག། གཡོ་འགུལ་རྩལ་མེད་ཀ་ནས་དག། ཀླུང་འགྱུ་འོད་ཟེར་ཀ་ནས་དག། མ་རིག་ཡེ་ཤེས་ཀཱ་ནས་དག། ཤེས་དང་མ་ཤེས་ཀ་ནས་དག། འཕྲད་དང་མ་འཕྲད་ཀ་ནས་དག། ཟིན་དང་མ་ཟིན་ཀ་ནས་དག། འགྱུར།།
47b7 དང་མ་འགྱུར་ཀ་ནས་དག། མཉམ་དང་མི་མཉམ་ཀ་ནས་དག། རིག་དང་མ་རིག་ཀ་ནས་དག། ཡིད་འཁོར་རྣམ་གསུམ་ཀ་ནས་དག། རང་བཞིན་ངོ་བ་ཀ་ནས་དག། འཆང་སྒོ་འཁྲུལ་སྒོ་ཀ་ནས་དག། མ་རིག་གཉིས་འཛིན་ཡུལ་སེམས་ཀནས་དག། སེམས




iiif viewer powered by OpenSeadragon

47a - 48a

Texts on this page

Gdg003.4 - skye med ka dag zang ka'i rgyud