e-texts navigator
Collection
Volume
Page
Wylie

43b1 མེད་གཟའ་གཏད་མེད་པ་སྒོམ་པའི་རྒྱལ་པོ་ཡིན།། ཟང་ཀ་རྣལ་མ་སོ་མ་གཏད་མེད་སྤྱོད་པའི་རྒྱལ་པོ་ཡིན།། དུན་ཆུང་རང་གནས་རེ་མེད་འབྲས་བུའི་རྒྱལ་པོ་ཡིན།། ཞེས་གསུངས་སོ།། སྠི་ཏི་ཟླ་བའི་མཚོན་ཆའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་དོན་བཞི་པའོ།།
43b2 དེ་ནས་དང་སྣང་ཁྱེའུ་ཆུང་གིས།། མུ་མཐའ་ཡོངས་གྲོལ་སྟོན་པ་ལ།། སྙིང་པོ་དོན་གྱི་རོ་སྤྲོད་གང་།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། དོན་གྱི་ངོ་སྤོད་ཐིག་ལེ་མཐོང་བརྟོལ་ནས།། ཟང་ཐལ་གསང་ལམ་ཆེན་པོའི་མན་ངག་ལ།། རང
43b3 བཞིན་སྙིང་པོའི་གནས་ལུགས་དང་།། རྟོགས་ལུགས་ཡིན་ལུགས་ངོ་སྐྲོད་དང་།། གདམས་ངག་རྩ་ཚམས་གསུམ་གསུམ་སྟེ།། ཡེ་མེད་གཏིང་ཡངས་ཆོས་ཀྱུ་དང་།། ཡེ་གདངས་རང་བྱུང་དང་དངས་དང་།། རང་གསལ་དག་པའི་ཁྱེའུ་ཆུང་རྣམས།། རང་གསལ་ཆོས
43b4 དབྱིངས་འོད་ཁང་དུ།། འདི་འབྲལ་མེད་པའང་སྤྱོད་ནི།། རྩེ་ཚེམས་དཟང་གན་ག་ལ་འགགས་བཞི།། སྤྲིན་མ་བཞི་མར་སླད་སྟེ།། དཔེར་ན་མུན་པར་གསེར་སྟོང་བ།། བཙལ་བས་མེ་རྙེད་གློན་མེས་རྙེད།། དེ་བཞིན་མངོག་མུན་པའི་ནང་།། སྙིང་དུ་དན་ཊཱི
43b5 གསེར་སྟོར་པ།། གཞན་མིན་སྒྲོན་མ་བཞི་ཡིས་རྙེད།། དེ་ལ་སྒྲོན་མ་རྣམ་པ་བཞི།། རང་གསལ་སེམས་ཀྱི་སྒྲོན་མ་དང་།། རྟོགས་པ་ཡེ་ཤེས་སྒྲོན་མ་དང་།། རང་བྱུང་དང་དངས་སྒྲོན་མ་དང་།། སྙིང་པོ་ཆེས་ཉིད་སྒྲོན་མའོ།། སྒྲོན་མ་བཞི་ཡིས་ངོ་སྤྲད་དེ།། སྙིང
43b6 པའི་རང་བཞིན་དངོས་མེད་ལ།། དེ་ཉིད་ལྷ་ཚོགས་རྟོགས་པར་ཤིང་།། ཤང་ཙམ་ཉིད་ན་རང་ས་དགྲོལ།། མཽང་མེད་གཏིང་མཐའ་ཡོངས་གྲོལ་བ།། ཆོས་ཀྱི་དབྱིངས་སུ་མངོན་སངས་རྒྱས།། སྙིང་པ་གྲང་ཐུང་གཞི་ལ་ཁྱིམ།། དབྱེར་མེད་གདེང་ལྗིན་ལཁྲུལ་པ
43b7 སངས།། ཀ་དག་སྙིང་པོའི་གྲོང་ནས་ཤིང་།། ཞེས་གསུངས་ས།། སྙིང་པའི་ང་སྤོད་བསྟན་པའི་ལེའུ་སྟེ་དོན་ལྔ་པའོ།། ། དེ་ནས་རང་སྐང་ཁྱེར་ཆུང་གིས།། པྲ་མཐའ་ཡངས་གྲོལ་སྟོན་པ་ལ།། གསེང་མཛོད་ལྔ་ཡི་ཝ་ལྔ་ལ།། ལྡེ་མིག་སྭ་ཡ




iiif viewer powered by OpenSeadragon

43a - 44a

Texts on this page

Gdg003.3 - rgyud thams cad kyi rgyal po nyi zla'i snying po 'od 'bar ba bdud rtsi'i rgya mtsho 'khyil pa'i rgyud