e-texts navigator
Collection
Volume
Page
Wylie

43a1 དཔེར་ན་ཤེལ་སྒོང་དྲུང་དག་ཏུ།། དཀར་ནག་སྨན་དུག་གང་བསྟན་སྣང་།། ཤེལ་ལ་གང་ཡང་གྲུབ་པ་མེད།། དེ་བཞིན་སྐྱེ་མེད་སྙིང་པོ་ལ།། རྩལ་ཟེར་འཁྲུལ་པ་ཅིང་སྣང་ཡང་།། གཞི་ལ་མ་གྲུབ་ཀ་ནས་དག། འཁྲུལ་པ་གཞི་ལ་མེད
43a2 པར་བཅད།། རིག་པ་རྩལ་ལམ་མ་འགགས་པར།། སྣ་ཚོགས་ཅིང་ཡང་འཆང་བར་སྣང་།། སེམས་རིག་ཡོད་མེད་འདྲི་བ་ནི།། རྟོགས་དང་མ་རྟོགས་གང་ལ་འདྲི།། དང་པོ་ལྟར་ན་གང་ཡང་མེད།། ངང་དང་གརང་སར་བརླག་པའོ།། རྟོགས་སྒོལ
43a3 ན།། སྣང་སྲིད་སེམས་ཅན་ཐམས་ཅད་ལ།། ཡིད་རིག་སེམས་གསུམ་ཀུན་ལ་ཁྱབ།། སེམས་ཅན་གང་ཁྱབ་སེམས་རིག་ཡོད།། ཐེག་ཆོས་གྲུབ་མཐའ་ཡོད་མེད་དེ།། སངས་རྒྱས་དགོངས་པ་ལ་འདྲི་འམ།། འོན་ཏེ་སེམས་ཅན་རྒོལ་འདི།། སངས
43a4 དགོངས་པའི་ཀློང་གནས་ན།། ཐེག་ཆོས་གྲུབ་པའི་བློ་ཡང་མེད།། ཅི་ཕྱིར་སངས་རྒྱས་དགོངས་པ་དེ།། བློ་འདས་རྩིས་གདབ་མེད་པས་སོ།། སེམས་ཅན་བློ་ཡི་དོ་གང་ལ།། ཐེག་ཆོས་གྲུབ་མཐའ་བསམ་མི་ཁྱབ།། དྲི་སྲིད་སེམས་ཅན་བློ་ཡོད་པར།།
43a5 ཀ་པ་སྣ་ཚོགས་གྲུབ་མཐའ་ཡོད།། སངས་རྒྱས་ཡོད་དམ་འདྲི་བ་དེ།། ཆོས་ཉིད་གཏིང་མཐའ་མེད་པ་དང་།། ཆོས་ཅན་ངོ་གཅིག་གང་ལ་འདྲི།། ཆོས་ཉིད་གཞི་ལ་འདྲི་བ་ན།། སངས་རྒྱས་མེད་པས་མིང་ཡང་མེད།། རང་ཉིད་སངས་རྒྱས་ཡིན་པས་གཞན་ན
43a6 ད།། ཆོས་ཅན་དྲོ་ལ་འདྲི་བ་ན།། མ་འགགས་རོལ་པ་སྣ་ཚོགས་ལ།། སངས་རྒྱས་ཡོད་པ་ལྟར་ཡང་སྣང་།། སྲེག་ཏོག་གཞུང་ཡིན་གོང་ལ་མེད།། དམྱལ་བ་ཡི་དགས་ཡོད་མེད་དེ།། རྟོགས་པའི་རོལ་འདྲི་བ་ན།། དམྱལ་བ་མེད་པས་སྡུག་བསྔལ
43a7 མེད།། མ་རྟོགས་པ་ཡི་ངོ་ལ་ནི།། སྡིག་པས་དམྱལ་བ་ལྟར་ཡང་སྣང་།། སྤྱི་ཏིའི་ལྷ་སྒོམ་དྲི་བ་དེ།། ང་ཡི་རང་བཞིན་མིང་མིད་བློ་འདས་ཀྱང་།། རེ་ཞིག་ཁྱོད་ལ་ལྟ་སྒོམ་བསྟན་པར་བྱ།། ཞེ་འདོད་གཏད་མེད་ཕྱོགས་བྲལ་ལྟ་བའི་རྒྱལ་པོ་ཡིན།། དངོས




iiif viewer powered by OpenSeadragon

42b - 43b

Texts on this page

Gdg003.3 - rgyud thams cad kyi rgyal po nyi zla'i snying po 'od 'bar ba bdud rtsi'i rgya mtsho 'khyil pa'i rgyud