e-texts navigator
Collection
Volume
Page
Wylie

42b1 པའི་མཚོན་ཆ་ཇི་ལྟར་བསྐོར།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཨ་ཏེ་ས་སྠི་ཏི་ལ་ལྦ་བ།། ང་ཡི་འདོད་གཞུང་དེ་ལྟར་ན།། དེ་ལས་ཁྱོད་ཀྱིས་ཁྱོད་དཔོགས་དང་།། ཁྱོད་ཀྱི་སྠི་ཏིའི་རང་གཞུང་གིས།། ཐོག་མའི་དུས་ན་ཇི་ལྟར་འདོད།།
42b2 སངས་རྒྱས་སེམས་ཅན་རྣམ་པ་གཉིས།། དེ་གཉིས་གཞི་ལ་གཅིག་ཉིད་དམ།། མི་གཅིག་ཟེར་ན་འབེལ་མེད་དམ།། གཞི་དེ་མཉམ་མམ་བཟང་ངན་ཡོད།། གཞི་ལ་འཁྲུལ་པ་ཡོད་དམ་མེད།། མེད་ན་གློ་བུར་པ་ཡིན་ན།། སེམས་དང་རིག་པ་ཡོད་དམ་མེད།། མད
42b3 ན་སེམས་ཅན་གང་ནས་བྱུང་།། ཐིག་ཆོས་གྲུབ་མཐའ་ཡོད་དམ་མེད།། ཡོད་ན་བློས་བརྟགས་ཐ་སྙད་ཡིན།། མེད་ན་ཐོས་བསམ་དགོས་པ་མེད།། སངས་རྒྱས་བྱ་བ་ཡོད་དམ་མེད།། ཡོད་ན་སངས་རྒྱས་གང་ན་བཞུགས།། དམྱལ་བ་ཡི་དགས་ཡོད་དམ་མེད།། །
42b4 ཡོད་ན་དམྱལ་བ་སྟོན་དང་ཡི།། མད་ན་སྡིག་པས་གང་ལ་གནོད།། ཁྱོད་ཉིད་ལྟ་སྒྲོམ་ཇི་ལྟར་འདོད།། ཅེས་པ་ཨ་ཏིས་དྲིས་པ་དང་།། དང་སྦྱང་ཁྱེའུ་ཆུང་གིས་སྨྲས་པ།། རྩོད་པའི་འཁོར་ལོ་འདི་ལྟར་བསྐོར།། མི་ཕིགས་སྲ་བའི་གོ་ཆ་གོན།། མི་ཕེབས་བཙན་པ
42b5 རྫོང་བཞུགས་ནས།། ལུང་དང་རིགས་པའི་མཚོན་ཆས་བརྡེག། ཁྱོད་ཀྱིས་ངལ་འདཱི་བ་ལས།། ཐོག་མའི་དུས་ན་གནས་ལུགས་དེ།། ཆོས་ཉིད་གཞི་ལ་འདྲི་བའམ།། ཏྲོན་ཏེ་ཆོས་ཅན་རྩལ་ལ་འདྲ།། དྲང་པོ་ལྟ་ན་ལྕེ་ཐོག་མ།། སྒྲོན་རོལ་མིང་མ
42b6 ཐོགས་པ་ལ།། གཏིང་ཡངས་བློ་ལཾ་ཡུལ་ལས་གྲོལ།། སྐྱེ་མེད་མཚོན་བརྗོད་དམིགས་ལས་འདས།། སངས་རྒྱས་སེམས་ཅན་རྣམ་པ་གཉིས།། གཞི་ལ་གཅིག་མི་གཅིག་འདྲི་བ།། ངོ་བ་མཚན་ཉིད་གང་ལ་འདྲི།། ངོ་བོ་ལྟར་ན་དེ་གཉིས་གཅིག
42b7 གནས་པ་དུས་ཀྱི་ཀུན་ག་ཞི་ཀྱོག་གི་མ་ཚན་ཉིད་རྟོགས་མ་རྟོགས་ཀྱིས་གཉིས།། གཞི་ལ་བཟང་ངན་འདྲི་བ་དེ།། རྟགས་དང་མརྟོགས་གང་ལ་འདྲི།། མ་རྟོགས་སྒྲོལ་བཟང་ངན་སྣང་།། གཞིལ་འཁྲུལ་པ་ཡོད་མེད་ནི།། ཆོས་ཉིད་གཞི་ལ་འཁྲུལ་པ་མེ།།




iiif viewer powered by OpenSeadragon

42a - 43a

Texts on this page

Gdg003.3 - rgyud thams cad kyi rgyal po nyi zla'i snying po 'od 'bar ba bdud rtsi'i rgya mtsho 'khyil pa'i rgyud