e-texts navigator
Collection
Volume
Page
Wylie

3b1 བརྡའ་མས་དེ་ལྟར་བཤད།། ས་བསླབས་འབྲུས་བུ་ཇི་ལྟར་འཐབ།། ཐེག་པའི་བལྟ་བ་སྒོམ་དེ་ལྟར་ལགས།། དེ་ལུན་ཀྱི་ཏིགང་གིས་གྲགས།། སྦྱི་ཏོ་པོ་གའི་དན་རྟོགས་ནས།། ཀཱལ་དྷི་བ་འཁྲུལ་པ་ཡོད་དམ་མེད།། ཤས་མེང་བློ་འདས་བརྒྱན
3b2 གང་དུ་བཀྲ།། འཁོར་གྱིས་དོན་དྲིས་བཅོ་བརྒྱང་པོ།། སྟོན་པས་འཁོར་ལ་གནང་བར་ཞྭ།། ཤིན་ཏུ་ཟབ་པར་བཀའ་སྩོལ་ཅིག། ཅེས་ཞྭ་བཕུལ་ལོ།། རི་བོ་བརྩེགས་པའི་ཧུད་ལས། གླེང་སློང་བའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་དང་།
3b3 དངས་ཁྱེའུ་ཆུང་གིས།། ཡེ་ཐོཀ་ཀ་དག་སངས་རྒྱས་ལ།། གང་ཡང་མེད་པའི་སྔོན་རོལ་ན།། སྔོན་ཐོག་དུ་ས་ན་ཇི་ལྟར་གནས།། ཞེས་ཞུས་པས། ཡེ་ཐོག་ཀ་དག་སངས་རྒྱས་ཀྱིས།། འོད་དང་རྩལ་དང་ཤེས་རིག་དྲན་སེམས་དང་།། འགྱུབ་མེད
3b4 དང་ཡན་ལག་འགག་མེད་འཁོར།། རང་བྱུང་དང་གས་པ་འགག་མེད་འཁོར།། རང་བྱུང་དང་དག་འོད་གསལ་འཁོ།། ས་ཆུ་མེ་རླུང་ནམ་མཁའ་དང་།། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དག་ལྔ།། དེ་སོགས་དུག་ལྔ་རྟོག་ཚོགས་ཉོན་མོངས
3b5 འཁོར་རྣམས་དང་།། འཛམ་གླིང་མི་རྣམས་ལྷ་སྲིན་སྡེ་བརྐྱང་དང་།། སྡང་སྲིད་ལྕེ་འགུལ་ཡོད་མེད་རྟག་ཆང་དང་།། ས་བརྒྱའི་བྱང་ཆུབ་སེམས་དཔའ་ཚུལ་བ་རིགས་ལྔ་དང་།། རྣལ་འབྱོར་རྣམ་བཞི་སྐལ་ལྡན་མས་ཚོགས་དང་།། ངང་དངས་གསལ་དག་འཁོར།
3b6 གསལ།། ཐོག་མའི་ཀུན་བཟང་ཀ་དག་རྣལ་མ་ཡི།། སྐྲ་དང་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔས།། འོད་ཟེར་ནམ་ལྔ་ཕྱོགས་བཅུ་ཀུན་ཏུ་འཕྲོས།། སེམས་ཅན་རྣམས་ཀྱི་ངན་སོང་གསུམ།། སྦྱོར་བར་བྱེད་པའི་འོད་འཕྲོས་པས།། ཉོན་མོངས་པས་ནི་སེམས
3b7 ཁྲུགས་པས།། མི་ཤེས་འདམ་དུ་བྱིང་བ་ཡི།། སེམས་ཅན་ཀུན་ལ་སྨན་པ་དང་།། ཁྱབ་བདག་བདག་ལ་སྨན་པ་དང་།། བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར།། ཉོན་མོངས་མ་ལུས་བསལ་བ་དང་།། མི་ཤེས་མ་ལུས་ཤེས་བྱའི་ཕྱིར།། དབང




iiif viewer powered by OpenSeadragon

3a - 4a

Texts on this page

Gdg003.1 - sangs rgyas kun gyi dgongs pa'i bcud bsdus ri bo brtsegs pa'i rgyud