| | e-texts navigator
|
312b1 པའི་ལོངས་སྤྱད་ཐབ།། ཟད་མ་འདི་ལ་གང་གནས་པ།། རྔུབ་པ་མེད་པ་གཏེར་ཆེན་རྙེད།། གཏེར་འདི་གང་གིས་རྙེད་པའི་མེ།། ང་ཡི་ཡོན་ཏན་འདི་ལ་རྫོགས།། ཆོས་ཅན་མཚན་མ་སྣང་དུས་སུ།། ད་ཡི་ཡོན་ཏན་རང་སྣང་བས།། འདི་ལ་བླང་དང་ད
312b2 མི་བྱ།། འགྲོ་བའི་སྡུག་བསྔལ་མྱོང་བའི་ཚེ།། ང་ཡི་བདེ་བ་རང་ཤར་ཡིན།། དེ་དུས་བདེ་སྡུག་དབྱེར་མེད་ན།། ང་ཡི་ཡོན་ཏན་འདི་ལ་རྫོགས།། དམྱལ་བ་གྱོལ་སོང་ཡི་དྭགས་ཀྱི།། གཟུགས་སུ་ཡུལ་དུ་སྣང་བའི་ཚེ།། ང་ཡི་སྐུ་ལ་རོལ་པ་ཡིན།། འདི་ལ
312b3 ཡང་མེད་པའི་མི།། ང་ཡི་སྤུ་ལ་འདི་ཡིས་རེག། གཏི་མུག་ཞེ་སྡང་འདོད་ཆགས་ནི།། ཞེ་སྡང་དྲག་པོ་ནམ་སྐྱེས་ན།། ང་ཡི་རིག་པ་རྟོག་མེད་ཡིན།། འདི་ཉིད་རང་གིས་རང་གྲོལ་བས།། ང་ཡི་དམིགས་པ་འདི་ཡིས་མཐོང་།། ཡིད་ཀྱི་དྲན་པ་ཕྱིར་སྣང་ཚེ།།
312b4 ང་ཡེ་ཤེས་རབ་རང་དག་ཡིན།། འདི་ལ་རྗེས་སུ་བཅོས་མེད་ན།། ང་ཡི་སྒྲ་རྣམས་འདི་ཡིས་ཐོས།། བསམ་པའི་རྟོག་ཚོགས་འདུས་པའི་ཚེ།། ང་ཡི་ཏིང་འཛིན་མི་རྟོག་བཟུང་།། འདི་ལ་ཞེན་པའི་བློ་མེད་ན།། ང་ཡི་དྲི་རྣམས་འདི་ཡིས་ཚོར།།
312b5 རགས་པ་ཆོག་ལ་བློ་ཐུགས་ཚེ།། ང་ཡི་ཉམས་མྱོང་ཤར་བ་ཡིན།། འདི་ལ་གཅིག་དང་གཉིས་ཟད་ན།། འདིས་ནི་ང་ཡི་རོ་ལ་མྱོང་།། འདི་ལྟར་སྣང་ཚད་ཐོས་ཚད་ཀུན།། ཀུན་བཟང་བ་ཡི་རོལ་པར་ཤར།། རོལ་པའི་འཆར་བྱེད་མ་འགགས་པས།། དེ་ཡི་ཡོན་ཏན་ཉིད་དུ་འབྱུང
312b6 ཡོན་ཏན་སྣ་ཀྱི་དངས་བརྩམས་པས།། ཟད་པར་མི་འགྱུར་ཟད་པ་མེད།། དེ་ཕྱིར་སྐུ་གསུམ་ཕྱག་རྒྱའི་ཞིང་།། དེ་ནས་སྟོན་པ་ཉིད་རང་ལ་རང་ངོ་མཚར་བའི་ཚིག་གི་རྒྱལ་པོ་འདི་རང་བྱུང་དུ་གསུངས་སོ།། ཨེ་མ་ཧོ་གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག། རང་གི་རིག་པ་ཉིད་སྐྱེ
312b7 དང་བྲལ་བའི་འདིམམ་པར་བྱ། གནད་ཀྱིས། སེམས་ཅན་བྱེ་བའི་སྲོག་བཅད་པ་དང་། ཕ་རོལ་དུ་ཕྱིན་པ་བཅུ་རྟག་ཏུ་སྤྱོད་པའི་གང་ཟག་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ།། ཀྱེ་སངས་རྒྱས་ཀུན་གྱི་གསུང་གི་རྡོ་རྗེ། ཆོས་ཉིད་ལ་སྨོས
iiif viewer powered by OpenSeadragon
312a - 313a