e-texts navigator
Collection
Volume
Page
Wylie

311b1 ས་གང་དྲག་གིསན་པ།། སྣང་སྲིད་ཆོས་རྣམས་བདར་ཤ་བཅད།། དུསཆོད་གདམས་ངག་རྣམ་བཞི་ཡི།། ཆོས་རྣམས་ཀུན་པ་རང་བྱན་བྱས།། དག་ལུགས་གྲོལ་བའི་གནད་བཞི་ཡི།། ཉོན་མོངས་རྣམས་ལ་དབང་བསྐུར་རོ།། དེ་ཡི་རང་གི་ཚ་འབེབས་པས།། དཔེ
311b2 བནིས་ཡིད་ཆེས་རང་ངོ་བསྟན།། མེ་གྱུར་ལྟ་བའི་གདེང་ཆེན་བཞིང་། མ་མྱོ། ཆོས་ག་། རྒྱ་། རྨོམངས་དང་གི་གྲོབ་མ་ས། ནོ་གན་འདྲུར། གནའག་གདང་། ཉོན་མ་མཐོ་པོ།། མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུང་།། འདི་ལ་གོམས
311b3 པར་ལུས་བྱས་པ།། རང་བཞིན་རྫོགས་པ་ཆེན་པོ་ལ།། འདི་ཡིས་རེག་གོས་མ་ཡ། འདི་ལྟར་གང་ལ་སྣང་གྱུར་པ།། ཡེ་ཤེས་ཀུན་ཀྱང་ཕྲུགས་སུ་ཟིན།། གསང་ཆེན་ཕྱག་རྒྱ་ཆེན་པོ་འཐོབ།། སངས་རྒྱས་ཀུན་གྱིས་ངེས་པར་བཟུང་།། འཁོར་བའི་དོདང་རྣམས་དུས་གཅིག
311b4 སྡུག། འཁྲུལ་པའི་སྣང་བ་བདར་ཤ་ཆོད།། དེས་ན་འདི་ལ་བརྩོན་པར་བྱའོ།། གསུང་གི་རྡོ་རྗེས་ཡང་གསོལ་པ།། ཀྱེ་མ་སྟོན་པ་ཀུན་ཏུ་བཟང་།། སྟོན་པ་ཉིད་ཀྱིས་སྔར་གསུངས་པའི།། དབང་དང་དམ་ཚིག་གཉིས་གསུངས་པ།། འདི་ལ་བདག་ནི་ཐེ་ཚོམ་སྐྱེས།།
311b5 བདག་གི་ཐེ་ཚོམ་བསལ་བའི་ཕྱིར།། སྟོན་པ་ཐུགས་རྗེ་ཆེན་པོ་ཡིས།། རིམ་པས་ཕྱེ་ལ་བདག་ལ་གསུངས།། དེ་ནས་ཉིད་ཀྱིས་ཡང་གསུངས་པ།། ཀྱེ་མ་གསུང་གེ་རྡོ་རྗེ་ཉོན།། ངས་བསྟན་པ་ལ་ཐེ་ཚོམ་མེད།། ཁྱོད་ཀྱིས་ཡིད་གཉིས་སྤོངས་ལ་ཟུང་།། གང་གིས
311b6 དབང་བསྐུར་འཛིན་པ་ཡི།། སངས་རྒྱས་ཀུན་ལ་འདི་ཡིས་རེག། འདི་ལ་སྐྱེས་བུས་དབང་ཐོབ་ན།། རིག་པའི་སྒྲ་ལ་རང་དབང་ཐོབ།། དེ་བཞིན་ཕྱག་རྒྱ་ཆེན་པོ་ཐོབ།། འདི་ལ་སྔགས་དང་ཕྱག་རྒྱ་མེད།། དཀྱིལ་འཁོར་ལྷ་བཅས་མཆོད་པ་དང་།། འདི་ལ་དགོས་དོན
311b7 གང་ཡང་མེད།། རྫས་དང་ཆོ་ག་བཤམ་མི་དགོས།། འཇུག་དང་ཡེ་ཤེས་དབབ་ཏུ་མེད།། དོན་ཀྱང་བླ་མའི་གསུང་དག་གིས།། གདམས་པ་འདི་ལ་གོམས་བྱའི་ཕྱིར།། འདི་དོན་འཇུག་པའི་བརྡ་དོན་གྱིས།། རང་གི་ངོ་བོའི་ཚིག་འདི་ཉོན།། ཨ་ཧོ་གསུང་གི་རྡོ་རྗེ་ཉོན།།




iiif viewer powered by OpenSeadragon

311a - 312a

Texts on this page

Gdg003.9 - rin chen spungs pa yon tan chen po ston pa rgyud kyi rgyal po