| | e-texts navigator
|
2a1 འགྲོ་འདུ་དང་འབྲེབ་འ་ཟླ་བ་མེད་པའི་གནས་སོ།། གནས་དེ་ན་ལ་ཐོག་མའི་སངས་རྒྱས། ཀ་དག་དངོས་མེད་ཟང་ཀ་མི་སྣང་གསལ་བའི་རང་བཞིན་དུ་བཞུགས་སོ།། སྨྱོན་པ་དེ་ཉིད་ལས་མཾ
2a2 གཞན་རང་བྱུང་རང་དངས་ཀྱི་འཁོར་ལ། ཆོས་ཀྱི་དབྱིངས་ཀྱི་བསྟན་པ། ཡེ་མེད་མཚན་མེད་བློ་འདས་ཐ་སྙད་མིང་ལས་འདས་པའི་ཐེག་པ། ངག་ཏུ་མི་གསུང་སྦྱིན་གྱིས་རླབས་ཀྱིས་གསུངས་སོ།། ཡེ་ཐོག
2a3 གཞིའི་སྟོན་འཁོར་རོ།། བྱིན་གྱིས་རླབས་ཀྱི་སྟོན་པ་ནི། དམ་པ་དང་པོའི་སངས་རྒྱས་ཀུན་གྱི་སྤྱི་ཕུང་བྱ་བ་བཞུགས་སོ།། དེས་འོད་གསུལ་རྣམ་དག་དཀྱིལ་འཁོར་ལ། བྱཱ་བཙལ་རྩོལ་བསྒྲུབ་མེད
2a4 པའི་བསྟན་པ་གསུངས་སོ།། ཡེ་ཤེས་མཐུའི་སྟོན་པ་ནི། རང་བཞིན་ཀུན་ཏུ་བཟང་པོས། རྡོ་རྗེ་སེམས་དཔའ་ལ་ཐུགས་ཀྱི་བསྟན་པ་བྱིན་གྱིས་རླབས་ཀྱིས་བཤད། སྔོན་བྱུང་ཕུན་སུམ་ཚོགས་པ
2a5 ལྡ་།། དེའི་རྗེས་འཇུག་ཕུན་སུམ་ཚོགས་པ་ལྔ་ནི། སྟོན་པ་རྡོ་རྗེ་སེམས་དཔའ་ཡིས།། སེམས་ལྷག་ཅན་སོགས་འཁོར་རྣམས་ལ།། གསང་སྔགས་ཡང་ཏི་སྤྱི་ཐེག་བཤད།། འོད་གསལ་གནས་བཤད་ངོ་བོ་དུས།།
iiif viewer powered by OpenSeadragon
1b - 2b