e-texts navigator
Collection
Volume
Page
Wylie

21b1 གཞི་མེད་ངང་ལས་ཀུན་གཞི་ཤར།། དངོས་མེད་དང་ལས་དངོས་ཀུན་ཤར།། སྣང་མེད་ངང་པས་སྣ་ཚོགས་ཤར།། ཡོད་མེད་དང་ལས་འཁོར་འདས་ཤྭར།། གཉིས་མེད་དང་ལས་མ་རིག་ཡེ་ཤེས་ཤར།། ཅིང་ཡང་གྲུབ་པ་མེད་པའི་ངང་ཉིད་ལས། རང་བཞིན
21b2 ཐུགས་རྗེ་གསུམ་དུ་ཤར།། རིག་དང་མ་རིག་རྣམ་གཉིས་ལས།། དེ་ལས་སྐུ་གསུམ་དུག་གསུམ་གཉིས་སུ་ཤད།། དེ་ལས་ཞིང་ཁམས་རྣམ་གསུམ་ཡིད་འཁོར་གསུམ་དུ་ཤར།། དེ་ལས་རང་སར་གྲོལ་དང་མ་གྲོལ་ལས།། འཆར་སྒོ་འཁྲུབ་སྒོ་གཉིས་སུ་ཤར་བ་དྷ།
21b3 ས་འགྱུ་དང་མི་འགྱུ་ལས།། རིག་མེད་སེམས་འཁྲུལ་འཁྲུལ་མེད་ཤར།། དེ་ལས་རྟོགས་དང་མ་རྟོགས་པས།། གཟུགས་ལྔ་སྐུ་ལྔ་ཉིད་དུ་ཤར།། དེ་ལས་མངོན་དུ་གྱུར་དང་མ་གྱུར་པས།། འཁོར་བ་མར་འདས་གཉིས་སུ་ཤར།། ཅི་ཡང་མེད་ལས་མིར་ཡང་ཤར་བ
21b4 ཡིན།། རྟོགས་མ་རྟོགས་ལས་སངས་རྒྱས་སེམས་ཅན་གཉིས།། གཏིང་ཡངས་ཆོས་ཉིད་ང་ཡི་རྩལ་དུ་ཤར།། ཞེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩིའི་རྒྱ་མཚོ་ཁྱིལ་པའི་རྒྱུད་ལས། འོད་གསལ་རྩལ་གྱི་ཡན་ལག་འཆར་ལུགས་བསྟན
21b5 པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་དང་ལྡད་འོད་གསལ་གྱིས།། མུ་མཐའ་ཡོངས་གྲོལ་སྟོན་པ་ལ།། ཆོས་ཅན་སྣ་ཚོགས་མུ་མཐའ་ཇི་ལྟར་གྲོལ།། སྟོན་པས་རང་སྣང་འཁོར་ལ་བཀའ་སྩལ་པ།། ཆོས་ཅན་སྣ་ཚོགས་པུ་མཐའ་གྲོལ་ལུགས་ནི།། ཡོངས་རྫོགས་ཐོད་རྒལ་བླ་མེད་ཐེག་པ
21b6 འདིར།། རྩོལ་བསྲུབ་མ་བྱས་གྲོལ་བར་བཤད།། བྱ་བཙལ་རྩོལ་བསྒྲུབ་འཁོར་བའི་འདམ་དུ་ཚུད།། དེ་བས་བྱར་མེད་བློ་འདས་འདི།། ཅི་ཡང་མ་བྱས་ལས་རྣམས་ཟིན།། གང་ཡང་མ་བསྒྲུབ་དོན་རྣམས་གྲུབ།། ཅི་ལའང་མ་སྤྱད་གྲོལ་བ་ཐོབ།། གར་ཡང་མ་ཞུག་ཆོས་སྒོ་མཐོང་།། ཅི་ཡང
21b7 བསུང་མེད་དོན་མི་འདའ།། སྒྲིབ་པ་མ་སྤངས་ཀ་ནས་དག། དམ་ཚིག་མ་བསྲུངས་རང་སྔོན་ཀ་ནས་དག། ལྟ་བ་མ་བལྟས་ཆོས་ཉིད་མཐོང་།། སྒོམ་པ་མ་བསྒོབླ་སྙིང་པོའི་ཀློང་།། སྤྱོད་པ་མ་སྤྱད་ཆག་སྔར་ཀྲོལ།། འབྲས་བུ་མ་བསྒྲུབས་རང་ལས་གྲུབ།། གང་ཡང་མ་བརྟག་བློ་བཞིག་པས།། མཚན་མ་སྣ་ཆོག




iiif viewer powered by OpenSeadragon

21a - 22a

Texts on this page

Gdg003.3 - rgyud thams cad kyi rgyal po nyi zla'i snying po 'od 'bar ba bdud rtsi'i rgya mtsho 'khyil pa'i rgyud