| | e-texts navigator
|
21a1 ཉིད་གཏིང་མཐའ་ཡངས་པ་ཡིན།། དངོས་པོ་དངོས་མེད་ཀུན་གྱི་བདག། ཆོས་ཉིད་གཏིང་མཐའ་ཡངས་པ་ཡིན།། དཔེ་མེད་ཟླ་མེད་མཚོན་དུ་མེད།། ཆོས་ཉིད་གཏིང་མཐའ་ཡངས་པ་ཡིན།། ཅིར་ཡང་མ་གྲུབ་ཅིང
21a2 ཆོས་ཉིད་གཏིང་མཐའ་ཡངས་པ་དང་།། གཏིར་ཡངས་ཆོས་ཉིད་དོན་གནས་ལུགས།། ཕྱེ་མེད་ཀ་དག་ཡིད་དབྱེར་མེད།། ཡེ་ནས་ཆོས་ཉིད་རྣལ་མའོ།། འབྲས་པཱ་ཡི་སྲབ་དངོས་གཞི་མེད།། རང་བཞིན་ཅར་མེད་ངོ་བོ་གསལ།། དྲུག
21a3 དངས་ཆེན་པོ་ཡིན།། ཡོན་ཏན་མ་བསྒྲུབས་རང་ལས་འཁྲུངས།། ཕྲིན་ལས་ཐོགས་མེད་རང་སར་གྲོལ།། ཆོས་ཉིད་གཏིང་མཐའ་ཡངས་པ་ཡིན།། སྙིང་པོ་མ་བཅོས་གཤིས་སུ་གནས།། དངོས་མེད་ཟང་ཀ་རང་འཁྲུངས་ཡིན།། རིག་མེད་ཡིད་མེད
21a4 སེམས་ལས་འདས་པའོ།། ཆོས་ཉིད་གྲུབ་པའི་མཐའ་ལས་གྲོལ།། བསམ་བརྗོད་དམིགས་བློའི་ཡུལ་ལས་འདས།། ཞེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཉི་ཞའི་སྙིང་པོ་འོད་འབར་བ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད་ལས། གཏིང་ཡངས
21a5 ཆོས་ཉིད་དོན་གྱི་གནས་ལུགས་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་རང་སྣང་ཁྱེའུ་ཆུང་གིས།། མུ་མཐའ་ཡངས་གྲོལ་སྟོན་པ་ལ།། འད་གསལ་རྩལ་གྱི་ཡན་ལག་རྣམས།། ཆོས་ཉིད་དང་ལས་ཇི་ལྟར་ཤར།། ཞེས་ཞུས་པ་དང་།། སྟོན་པས་འཁོར
21a6 ལ་བཀའ་སྩལ་པ།། འོད་གསལ་རྩལ་གྱི་འཆར་ལུགས་ནི།། དཔེ་དང་དོན་དུ་སྦྱ་རལ་བཤད།། འཁོར་རྣམས་མ་ཡེ་རས་གུས་པར་ཉོན།། དཔེར་ན་ཉི་མའི་སྙིང་པོ་ལ།། རྩལ་ཟེར་ཡན་ལག་ཤུགས་ལས་ཤར།། དེ་བཞིན་སྙིང་པོའི་གནས་ལུགས་ལས།། རིག་སྣང
21a7 རྩལ་ཟར་ཤུགས་ལ་འཆར།། ཙནྡན་གླ་རྩི་སྒྲོག་པ་ལ།། གང་ན་གནས་ཀྱང་དྲི་དང་ལྡན།། དེ་བཞིན་ཆོས་ཉིད་རང་བཞིན་ཡང་།། གང་ན་གནས་ཀྱང་འོད་དང་ལྡན།། ཉི་ཟླ་གར་ཡོད་འདགསལ་ཞིང་།། སྙིང་པོས་ཀར་ཁྱབ་རྩལ་ཟེར་འཆར།། དེ་ཡང་ཇི་ལྟར་འཆར་ཞེ་ན།
iiif viewer powered by OpenSeadragon
20b - 21b