e-texts navigator
Collection
Volume
Page
Wylie

20b1 བཤད་ཀྱིས་གུས་པར་སྤྱོད།། ཨ་ཐང་འབོང་ཡ་གཏིས།། གཏིང་ཡངས་དོན་གྱི་གནས་ལུགས་དེ།། ཅང་མེད་དངོས་མེད་བརྗོད་མེད་ཀྱང་།། རྟོག་པ་བསལ་ཕྱིར་རེ་ཞིག་བསྟན།། མུན་ཁུང་གསེར་འཆོལ་སྙན་མའི་དཔས།། དོན་གྱི་གསར་དང་སྤད་པར་བྱ།། གཏེང
20b2 ཡངྒ་དོན་གྱི་གནས་ལུ་གྲཝ་ནི།། སྔོན་ཐོག་ཅི་ཡང་མེད་པ་ཡིན།། ཐོག་མ་མིང་དང་བྲལ་བ་ཡིན།། གཞི་པ་འཁྲུལ་པ་མེད་པ་ཡིན།། དངོས་གཞི་གྲུབ་པ་མེད་པ་ཡིན།། རླུང་ལྔ་འགྱུར་བ་མེད་པ་ཡིན།། འབྱུང་ལྔ་དང་སར་ཐིམ་པ་ཡིན།། འོད་ལྔ་རང་སང་དག་པ་ཡིན།། རྩལ་ལྔ་རང་བར་ཐིམ་པ་ཡིན།། ཟེར་ལྔ་རང་སར་དག
20b3 པ་དང་།། ཤེས་པ་ཤེས་རྒྱུ་བ་དང་དང་། རིག་པ་སྐྱེ་བ་མེད་བ་དག་། མ་ག་གནས་དག་པ་དང་།། མིན་ལ་བྲལ་སྙེམས་བྱེད་མེད་པ་དང་།། སྟོང་པ་གསལ་བ་ལས་འདས་དང་།། ཐུགས་རྗེ་ཡོན་ཏན་འཆར་བ་མེད།། ཡིད་འཁོར་རྣམ་གསུམ་འབུལ་ཚད་ནས།། ཕྲིན་པའི་འཁོར་སྒོར
20b4 མ་འཁྱམས་པས།། རང་བཞིན་ངོ་བོ་ཐུགས་རྗེ་ལས།། མཆོག་གི་དང་པོ་སྐུ་གསུམ་འཆང་།། དེ་ཉིད་ཀློང་གྱུར་ཡེ་སངས་རྒྱས།། དམ་ཡ་དང་པོའི་སངས་རྒྱས་ཡིན།། ཆོས་ཉིད་དབྱིངས་སུ་མངོན་སངས་རྒྱས།། ཐོག་མའི་ཀུན་ཏུ་བཟང་པོའོ།།
20b5 གཏིང་ཡངས་ཁ་གཏིང་མེད་པའི་དོན།། ཆོས་ཉིད་དོན་གྱི་གནས་ལུགས་ཡིན།། མི་སྣང་གསལ་བའི་རང་བཞིན་ཅན།། ཆོས་ཉིད་དོན་གྱི་གནས་ལུགས་ཡིན།། ཅད་མེད་ཅིང་སྣང་ཅིང་མ་གྲུབ།། ཆོས་ཉིད་གཏིང་མཐའ་ཡངས་པ་ཡིན།། སྣ་ཚོགས་མཚན
20b6 མའི་དངོས་པོ་མེད།། ཆོས་ཉིད་གཏིང་མཐའ་ཡངས་པ་ཡིན།། ཡེ་མེད་ཀུན་འབྱུང་སྟོང་པ་ཉིད།། ཆོས་ཉིད་གཏིང་མཐའ་ཡངས་པ་ཡིན།། དངོས་མེད་རང་བྱུང་གསལ་བའི་བདག། གཏིང་ཡངས་དོན་གྱི་གནས་ལུགས་ཡིན།། གཏིང་ཡངས་མི་མངོན་མཁའ
20b7 གསལ་དག། ཆོས་ཉིད་གཏིང་མཐའ་ཡངས་པ་ཡིན།། དངོས་པོར་མི་སྡང་ཡོངས་ལ་ཁྱབ།། གཏིང་ཡང་ས་དོན་གྱི་གནས་ལུགས་ཡིན།། དངོས་མེད་སྣ་ཚོགས་ཀུན་གྱི་གཞི།། ཀུན་ལྡན་གང་ཡང་གྲུབ་པ་མེད།། ལྷན་གྲུབ་རྒྱ་མ་ཆད་པའི་དོན།། ཆོས




iiif viewer powered by OpenSeadragon

20a - 21a

Texts on this page

Gdg003.3 - rgyud thams cad kyi rgyal po nyi zla'i snying po 'od 'bar ba bdud rtsi'i rgya mtsho 'khyil pa'i rgyud