e-texts navigator
Collection
Volume
Page
Wylie

19b1 བགང་ཡང་ཡོད་མ་ཡིན།། དངས་མེད་མིང་མདམཚན་ལས་འདས།། དེ་བཞིན་སངས་རྒྱས་སེམས་ཅན་ག་ཉིས།། གང་ཡང་བཏགས་སྦྱང་མེད་པ་རྡ་མ།། གང་ཡང་མགྲུ་བ་ཅིར་མི་སྣང་།། མིང་མེད་མཐའ་གྲངས་བློ་ཡུལ་མིན།། ཡ་ཏོང་ཤ
19b2 དངོས་པོ་མེད།། མངོན་སུམ་མི་སྣང་རང་བཞིན་ཁྱབ།། ཅེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩིའི་རྒྱ་མཚོ་ལཁྲིལ་པའི་རྒྱུད་ལས། ཐོག་མའི་གཞིའི་གནས་ལུགས་བསྟན་པའི་ལེའུ་སྟེ་གཉིས་པའོ།།
19b3 དེ་ནས་རང་སྔ་འོད་གསལ་གྱིས།། མུ་མཐའ་ཡོངས་གྲོལ་སྟོན་པ་ལ།། པུས་བཙུགས་ཐལ་སྦྱར་འདི་སྐད་ཞུས།། གཏིང་ཡངས་ཆོས་ཉིད་དོན་གྱིང་པོ་ཇི་ལྟར་གནས།། འོད་གསལ་རྫས་ཀྱི་ཡན་ལག་དེ་ལྟར་ཤར།། ཆོས་ཅན་སྔང་སྲིད་ལྔ་ཚོགས་ཇི་ལ་འགྲོར
19b4 དེ་ཉིད་འགྲོ་ལ་ཐབས་གདམས་ངག་ཇི་ལྟར་ལགས།། གྲོལ་བའི་འབྲས་བུ་ཇི་ལྟར་ཐོབ་པར་འགྱུར།། ཡོངས་རྫོགས་ཐེག་པར་རིམ་དགུ་དགོས་མི་དགོས།། ཐེག་པ་རིམ་པའི་གྲུབ་མཐའ་ཇི་ལྟར་ཤར།། སུ་མཐའ་གྲོལ་བའི་ལྟ་བཞི་མ་ཇི་ལྟར་མཐོང་།། གསང
19b5 སྔགས་ཟབ་མོ་བརྡའ་ཡིས་ཇི་ལྟར་བསྟན།། གནད་ཀྱི་གདམས་པ་དགོས་དོན་གང་དུ་འདུས།། ཉོན་མོངས་དུག་རྣམས་མ་སྤངས་ཇི་ལྟར་གྲོལ།། དུག་ལྔ་གཏན་ནས་བརླག་པར་ཇི་ལྟར་བགྱི།། མ་རིག་མུན་པ་གནས་ཇི་ལྟར་དག། ང་བདག་འདི་དང་དུག་གསུང
19b6 ཇི་ལྟར་བསད།། སེམས་ཅན་སངས་རྒྱས་ཚུལ་ནི་ཇི་ལྟར་རྒྱས།། འཁོར་བའི་སྡུག་བསྔལ་མྱ་ངན་ཇི་ལྟར་འདས།། མཚན་མར་སྡང་བའི་དངོས་པོ་རྡོ་ལྟར་གྲོལ།། མཁའ་འཕྲོགསེང་བདེ་བརྡའ་གན་ཇི་སྟེ་རེག་ང་།། ཐེག་པ་རྣམས་ཀྱི་གྲབ་མཛང་ཇི་ལྟར་ཆེན
19b7 ཡོངས་རྫོགས་ཐོད་རྒལ་བླ་མེད་ལྷ་བསྒོམ་གང་། རིག་སེམས་ཡིད་བློ་རྒྱད་ནས་ཛཾ་ལྟ་རབ་ཅད། སྣང་བའི་གྱུ་བ་ཀུན་གཞི་ཇི་ལྟར་གྲོལ། སེམས་མེད་རིག་མེད་ཆོས་རྣམས་ཇི་ལྟར་ལགས།




iiif viewer powered by OpenSeadragon

19a - 20a

Texts on this page

Gdg003.3 - rgyud thams cad kyi rgyal po nyi zla'i snying po 'od 'bar ba bdud rtsi'i rgya mtsho 'khyil pa'i rgyud