| | e-texts navigator
|
18b1 ཉམས་རྒྱབས་མཐར་དྷ་རང་བཞིར་ཤུགས་ཀྱིས་འཆད།། ཉིན་གྱི་རིགས་སུང་བཞིན་པདའ་ལ་བསྟེ།། སྣང་བ་གྱུར་ལ་ཡུན་དུ་དམིགས་པ་གཏད།། པྲ་ཋ་གྱི་རིགས་ལ་གན་པར་རྣ་བཔ་།། རུསས་པས་ས་དངལ་བ།།
18b2 པའི་སྐུ་ཙྪ་བ།། ཁ་དང་ཐུགས་སུ་རང་སྡང་སྣང་བ་ཤར།། བག་ལ་ཉལ་བ་མངོན་དུ་དབྱུང་བའི་ཐབས།། གོང་བསྙེན་བཞིན་དུ་བཞག་ནས་དབྱུང་།། དྲི་མ་ཕྲ་རགས་ཙམ་དུ་སྣང་བ་ཡང་།། རང་གི་དྲི་མཛོད་དུ་དེ་དུང་།། རང་བཞིན་ཡོན་ཏན་རིན་ཆེན་འདག
18b3 དུ།། འཕྲོ་རྒོད་ཏོག་དཔྱོད་རང་གི་རྩལ་ཡིན་པས།། སྐྲོད་མན་དག་གི་བློ་ཡི་དྲི་མ་ཡང་།། རྟོགས་ལྡན་པ་རིན་ཆེན་འོད་དུ་གསལ།། དེ་ལྟར་རྟོགས་པས་རྩོལ་བ་མ་བྱས་པར།། ཤེས་པའི་ངོབདག་ཉིད་དེས་དག། དབུགས་དང་བྲལ་ནས་ཀ་དག་དངུལ
18b4 གནས།། ཞེས་གསུངས་སོ།། དྲི་མེད་ཀ་དག་རིན་པོ་ཆེ་འོད་གསལ་བའི་རྒྱུད་ལས། དགྲོངས་པ་ཀ་དག་འོད་གསལ་དུ་བསྟན་པའི་ལེའུ་སྟེ་དགུ་པའོ།། ། དེ་ནས་སྟོན་པས་གདམས་པ། ཨོཾ་མ་ཧོན་རྗེ་ལག་ན་འཆང་།། གསང་བའི
18b5 དོན་ནི་ངས་བཤད་རྒྱུད།། ཀུན་ལ་མ་བསྟན་རིན་ཆེན་གཏེར་དུ་ཐོས།། སྐལ་ལྗིན་ཅན་གྱི་བདུད་རྩི་སྨན།། སྐལ་མེད་དྲུག་ཏུ་གྱུར་ཏེ་།། ཞེས་གསུངས་སོ།། ཨེ་མ་ཧཱ་རྡོ་རྗེ་ཆང་ཆེན་པོས།། དྲི་མེད་ཀ་དག་རིན་ཆེན་འོདགུས་པ་འདི།། དྲི་མ་དེ་དགོངས་པ
18b6 འདིས་རྟོག་པས།། བློ་ཡི་རྣམ་རྟོག་ཀུན་དང་བྲལ།། མགོན་པོ་ཉིད་ལ་རྗེས་ཡི་རངྒ།། ཞེས་གསུང་སོ།། དྲི་མེད་ཀ་དག་འོད་གསལ་ཆེན་པོའི་རྒྱུད་ལས། རྒྱུད་གཏད་པ་དང་། རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་པའོ།། ། རྫོགས་པ་ཆེན་པོ་དྲི་མེད་ཀ་དག་གི་རྒྱུད་རྫོགས
18b7 སོ།། ། རྒྱ་གར་སྐད་དུ། ཏཏྟྭ་སརྦ་རཱ་ཨཱདྱ་ཙརྨྨ་ཧྲྀད་ཡ་པྲ་ཧྨཱ་ཙཱ་པཱ་མྲྀ་ཏེ་ས་མུ་དྲ་ཀུཎྜ་ལི་ཏནྟྲ། བོད་སྐད་དུ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཉི་ཟླའི་རྟིང་པོ་འོད་འབར་བ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད། སྔོན་ཐོག་སྤྱི་ཕུད་ཀྱི་སྟོན་པ་སྙིང་པོར
iiif viewer powered by OpenSeadragon
18a - 19a