| | e-texts navigator
|
16a1 མ་འགགས་དངོས་མེད་མ་འདྲེས་སོ་སོར་སྣང་།། ཕྱི་ནང་གློས་བཏགས་ཤེས་རབ་སུ་བསྒྲིབས་ཀྱང་།། ཤེས་རབ་ངོལ་དངོས་མཚན་ཀ་ནས་དག། དེ་ཙམ་སྣང་བ་ཤེས་རབ་སྐུ་པི་གདངས།། དེ་ལྟར་རྟོགས་པ་ཀ་དག་ཤེས་རབ་དང་།
16a2 སོ་སོར་རྟོག་པོའི་ཤེས་རབ་རོལ་གསལ།། དབུགས་དང་བྲལ་བས་དྲི་མ་རང་དག་འགྱུར།། ཆུ་ལྷའི་ནང་དུ་བྱེད་ཀྱི་གདངས་ཤར་བཞིན།། སྟོང་གསལམ་འགགས་ཤིན་ཏུ་ཕྲ་བའི་བདག། མན་ཤེལ་ཀློང་ནམ་འདྲེས་གསལ་བ་ལྟར།། ཆོས་སྐུ་མེད
16a3 ཟང་ཐལ་དང་ན་གསལ།། ཞེས་གསུངས་སོ།། དྲི་མད་ཀ་དག་གི་རྒྱུད་རིན་པོ་ཆེ་འོད་གསལ་ཆེན་པོ་ལས། ཤེས་རབ་ཀ་དག་གི་རིན་པོ་ཟེ་འོད་གསལ་བར་བསྟན་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་རྡོ་རྗེ་འཛིན་པས་ཞུས་པ། ཀྱེ་ཀྱེ་བཅོམ
16a4 ལྡན་ཐུགས་རྔརྒྱན།། པྲལ་ཐུག་ནས་རིག་དག། སྲུལ་ཅུ་གནས་ལུག་ས་འི་ལྟར་བཞུགས།། དྲིམ་ཕྲ་དགས་ཀྱི་ལས་བླང་།། དྲི་མ་གཉིས་པོ་དག་པའི་དག་ལུགས་གཿ།། ཞེས་ཉས་པ།། རང་བྱང་ཐུགས་ཅིས་བཀའ་ཐལ་པ།། ཚན་ཏུ་གནས་དས
16a5 པ་ཡི།། མེ་ལོང་གཡའ་དག་ལྟ་བུ་ལ།། རང་བྱུང་ཡེ་ཤེས་ཟེར་ཤར་བ།། མི་འགྱུ་པ་ཡི་འགྱུ་བ་སྟེ།། ཡེ་ཤེས་རླུང་གིས་ཟེར་ལྔ་བསྐྱེད།། ཐུགས་རྗེ་རྒྱུན་གྱི་ཟག་པར་ཤང་།། ཆོས་ཉིད་དག་པའི་ཀློང་དུ་འཁྱིལ།། འབྱུང་བ་ལྔ་ཡི་རླུང་ཆེན་གྱིས།། བསྐྱེད
16a6 བསྡུས་སྨིན་བསྐྱེད་ལྔ་བྱས་པས།། ཆོས་སྲའི་འབྲས་བུ་གཟུགས་སླར་སྦྱིན།། མི་བསྐྱོད་རིན་འབྱུང་མཐའ་ཡས་གྲུབ།། སྡང་མཛད་ཀུན་ཏུ་ཞལ་དུ་ཤར།། དེ་ནི་ཆོས་སྒྱུ་སྐུལ་པའི་སྐུ།། ཤེས་རབ་སྲ་ཡི་རྟལ་སྟོབས་ཡིན།། གྱིས་ནི་གདུལ་བྱ་རང་ལྡང
16a7 ལ།། འདུལ་བྱེད་རིག་པ་རང་སྣང་གསལ།། ཤེས་བྱའི་དཀྱིལ་འཁོར་འོད་དུ་གསལ།། རང་བྱུང་སྐུ་ལྔ་འོད་ཀྱི་སྦུབས་ནས་འབོན།། ཆེ་བའི་ཡེ་ཤེས་མ་བཙལ་ལྡད་ཀྱིས་གྲུབ།། ཐུགས་རྗེའི་རྒྱུད་ལས་ཐུན་མོང་གདུལ་གྱི་སྒྲོལ།། དྲི་མེད་ལུགསུ
iiif viewer powered by OpenSeadragon
15b - 16b