| | e-texts navigator
|
15b1 མི་འགག་པར།། བུམ་པའི་ནང་གི་མར་མ་བཞིན།། འབྱུང་ལྔའི་གནས་རིག་པ་འགྱུར།། དབུགས་མེད་འགྲུ་བ་ཡ་ཤས་དྲུང་།། ཤས་རབ་གསལ་བ་ལྔར་ལྡན་པས།། འོད་ཀྱི་མཚན་མ་ཀུ་ནས་དྲག། གསལ་བའི་མེ་ཏོག་ཤེས་རབ་སྦ་ལྔ་ལ།། མ་རྙིག་ལས
15b2 བྱང་ཡུལ་གྱི་རྗེས་འབྲངས་པས།། དངས་མཚན་གཟུགས་མེད་རྣམ་རྟག་ཆས།། གསལ་འགྲིབ་སྐྱ་དང་འགགུས་པར་བཅས།། ཡཾ་གཉིས་མཚནམ་བཞིན་སྡེ་ཀུ་ནས་དག། དམེད་དེ་འཛིན་པ་ཡི་ཞྭད་པ་ཀནས་དག། ཤེས་རབ་ཕྲ་ལ་འདྲག་ཟུལ་ན།
15b3 ཨུ་འབྱུང་ལྔའི་རང་བཞིན་ཅན།། མི་གཡོ་གསལ་ལ་མི་རྟོག་པ།། ཕྱོགས་ལྗང་མེད་པའི་ཤེས་རབ་ལ།། ཆོས་སུ་དྲན་རྟོག་མེད་པའི་ཐུགས།། སྙིང་པོ་བཅུད་འདྲིལ་མཚན་མ་མེད་པའི་སྐུ།། སྒྲ་ཡི་རང་བཞིན་སྙིང་པོ་འབྱུང་བ་ལྔ།། དངོས་མེད་འགྱུར་མེད་ཡོན
15b4 ཏན་དྲི་མ་མེད།། ཐོག་མ་གཉིས་མད་འབྱུང་བ་ལྔ་ཡི་བདག། དེ་ལྟར་མ་འགགས་རིག་པའི་ཡེ་ཤེས་རླུང་།། དབུགས་མེད་འགྲུབ་ཤེས་རབ་ངོར་ལྟུང་བ།། ས་རླུང་དལ་གསལ་སྐུ་ལྔ་འཆར་བའི་རྒྱུ།། ཆུ་ཡི་རླུང་འགྲུས་སྐུ་ལྔའི་ངོ་བོར་འགྲིལ།། མེ་ཡི་རླུང་འགྲུས་སུ
15b5 ལྔ་ཕྱག་རྒྱར་རྫོགས།། རླུང་གི་རླུང་འགྲུས་ཆོས་ཉིད་ཀློང་དུ་བསྐྱོད།། སུ་མདོག་ཕྱག་རྒྱ་མ་འདྲེས་སོ་སོར་གསལྔ།། རང་བཞིན་མ་འགགས་བརྗོད་དུ་མེད་པའི་གསུང་།། ཤེས་རབ་དོན་ལ་མཚན་མའི་ཕྱག་རྒྱ་མེད།། ཤེས་རབ་རང་བཞིན་ཡེ་ནས་གསལ་བ་ལ།།
15b6 སྤྲུལ་པའི་སྐུ་ལྔ་ཝལ་ལེ་ཁྲུག་ག་གསལ།། དངོས་མཚན་མེད་པས་གདུལ་བྱས་མཐོང་བ་མེད།། ཤེས་རབ་ཡིན་པས་རང་གསལ་འགག་པ་མེད།། ཡིད་འདས་ཀུན་ཏུ་རྒྱབས་གཟུང་འཛིན་མེད།། འདུས་བྱས་ཙམ་ལ་སྒྱུ་མཙམ་སྣང་དང་།། ཡིད་ཀྱི་ཡུལ
15b7 འགྱུར་ཕྱོགས་མཐུན་མཚན་མ་ཡང་།། ཤེས་རབ་སྒྲ་ལྔ་རིན་ཆེན་འོད་གསལ་ཏེ།། རླུང་གི་སྟོབས་ལས་ཡིད་ཀྱི་རྣམ་པ་བྱུང་།། རླུང་ལྔ་འཐབས་པས་འབྱུང་ལྔ་རྫོགས་པར་བྱས།། ཆོས་ཉིད་ཀློང་ན་ཡེ་ཤེས་ལྷ་མཚམ།། མ་ལོ་གཟུགས་སྣང་ཆུ་ཟླ་འཇའ་ཚོན་ཙམ།།
iiif viewer powered by OpenSeadragon
15a - 16a