e-texts navigator
Collection
Volume
Page
Wylie

153b1 བང། རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་ལ་ཕག་པས། ནང་དུ་ཉི་མཛད་ལྔའི་སྐང་བལྐུག་པར་འཆར་རོ།། གཞལ་ཡས་ཁང་དང་ཕྱི་རིམ་ན། ཡན་ལག་བརྒྱད་དང་ལྡན་པའི་ཟླ་བའི་འོབས་ཡོད་པ། ཆུ་དེ་ལ་ནད་ཀྱིས་བཏབ་པ་རྣམས་ཀྱིས་འགྲུས་ཅནད་འཚོ་བར་འགྱུར་བ།
153b2 དེའི་ཕྱི་རིམ་ན་མཚེའུ་བརྒྱད་ཡོད་པ། དེ་རྣམས་ཀྱི་ནང་ན་ཡང་བྱ་སྐད་སྙན་པ་སྣ་ཚོགས་ཏེ། དེ་ཡང་འདི་ལྟ་སྟེ། བྱའི་རྒྱལ་པོ་དང་བ་གསེར་ལྡན་དང་། མཛ་རིལ་དང་། ཕྲུགཟུད་དང་། !་དྷི་ས་སེ། མ་བྷ་དང་། ནེ་ཙོ་མི་སྐད་ཤེས་པ་དང་། ཁྭ་ཕྱག་དང་། ཤང་ན
153b3 ཏེརུ་དང་། རི་སྐེགས་དང་། དེ་ལ་སོགས་པའི་སྐད་སྙན་པའི་བྱ་རིགས་སྟོང་ཕྲག་བརྒྱད་ཅུ་དང་། ཡིད་དུ་འོང་བའི་བྱའི་རིགས་འདི་ལྟ་སྟེ། ཀང་ཀཱ་རི་ཀ་དང་། ཟེར་མོང་དང་། ལྦ་བ་དང་། ལྷའི་བྱ་བྲེལ་བུའི་སྐད་ཅན་དང་། དྷ་ཀྲྀ་ཏི་བ་གསེར་གྱི་རྡོ་རྗེ་གཟུགས་དང་། དེ་ལ་སོགས
153b4 གསུའི་མདོག་ལྟར་རྫོབ་དང་། དྲང་གི་མདོག་ལྟར་དཀར་བ་དང་། བྱེ་ཟའི་མདོག་སྦྱར་དུ་མེད་པ་དང་། ཨིནྡྲརྒྷཾ་ལ་ཝཱར་མཐོང་བ་ལ་སོགས་ཏེ། ཡིད་དུ་འོང་བ་དང་། སྐད་སྤྱན་པ་བསས་ཀྱིས་མི་ཟབ་པ་ཡོད་ན།། ནའ་གྱི་རིས་ན་རིན་པོ་ཆེ་སྣ་བདུན་གྱི་ལྤགས་རི་ལོན
153b5 དེ་རྣམས་ཀྱི་དབུས་ན་ཆེན་པོ་ཆེ་སྣ་བདུན་རྩི་ཆོས་འཆད་པའི་གདན་དང་བཅས་པ་ཡོད་དོ།། དེར་སྤྲུལ་པའི་སྤོ་དྲོ་རྗེ་སེམས་དཔའ་ཞེས་བྱ་བ་དེས་སྲོད་ལ་འཁོར་རྣམས་ལ་རྒྱའི་ཆོས་བཆད་དོ།། ནམ་མྱེད་སྔགས་ཀྱིའི་ཟློས་འཆད་དོ།། ཐོ་རངས་ནང་གེ་ཆོས་བརྒྱད་དོ།།
153b6 ཉི་མ་བྱེད་ནས་རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཆོས་འཆད་དོ།། དེ་ལྟར་ཞག་རེ་རེ་ལ་ཟོས་བླན་བཞི་བཞི་འཐུང་ངོ་།། དེ་ན་གནས་པའི་བྱང་སྲབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཤ་རྟག་གོ།། ལོ་ཡང་ལྟ་བཅཝ་ལྔ་བཅུ་ཐུབ་བོ།། ཞིང
153b7 ཁམས་དེན་ཟས་དང་སྐོམ་ཡང་ཡིད་ལ་དྲན་པས་རྩོམ་པ་ཡོད་དོ།། དེ་ན་ནད་མེད་པ་དང་། ཕུང་སྲིད་ནའང་ཟླ་ཡན་ལག་བརྒྱད་དང་ལྡན་པ་དེ་འཐུང་བས་ནད་སེལ་ལོ།། མེ་ཏོག་སྣ་ཚོགས་ཀྱིས་སྤྲུལ་པའི་སྐུ་དེ་ལ་མཆོད་པ་ཆེར་བྱེད་པ་ཤ་སྟག་གོ།། གཞལ་ཡས་ཁང་དེ




iiif viewer powered by OpenSeadragon

153a - 154a

Texts on this page

Gdg003.7 - de bzhin gshegs pa thams kyi ting nge 'dzin yongs su bshad pa / ye shes 'dus pa'i mdo / theg pa chen po / gsang ba bla na med pa'i rgyud / chos thams cad kyi 'byung gnas / sangs rgyas thams cad kyi dgongs pa / gsang sngags gcig pa'i ye shes / rdzogs pa chen po'i don gsal bar byed pa'i rgyud / rig pa rang shar chen po'i rgyud