| | e-texts navigator
|
152b1 པར་གྱིས་ཤིག། ཟང་ཐལ་གཅིག་རྫོགས་ཀྱི་དགོངས་པ་ཐོབ་པར་འདོད་ན། ཅོག་བཞག་བཞི་ཡི་དོན་ཉིད་ལས་མ་འདའ་ཞིག། འཁྲུལ་སྡང་ཞིང་ཁམས་སུ་འཆར་བར་འདོད་ན། སྨོན་མང་དབྱིངས་རིག་གཉིས་དང་མ་བྲལ་བར་གྱིས་ཤིག། དེ་ནི་སྐྱེ་བ
152b2 མེད་པའི་ཟབས་མཆོག་ཏུ་གསུངས་སོ།། ཨེ་མདྷོ། དངོས་པོ་མེད་པའི་སྣང་བ་ངོ་མཐོང་ཆེ་བ་སྟེ། རགས་པའི་འབྱུང་བ་ལྔས་བསྐྲི་ནྟེ། ལུང་མེད་པལ་སྣང་མནུས་སོ།། རིག་པ་རང་ང་གི་སྣང་བ་དེ་ནི། སྨན་བརྗི་དེ། ཕྲ་བའི་ཉོན་མོངས
152b3 བསྒྲིབས་ཏེ་རྟག་མཐུབ་པའོ།། ཆོས་ཉིད་མ་བསྟོད་པའི་སྡང་བ་གསལ་དེངས་ཏེ། སྣང་ཚོགས་དུ་མའི་སྤྱོད་པས་བྱེ་སྒྲིབས་ནས་མངོན་སུམ་དུ་མེད་པའོ།། དེ་ཡང་རིག་པའི་དབྲོ་བཟང་བ་དཀང་ཡང་། ཡེ་ཤེས་ཀྱིས་པ་དལ་བས་འགྲུབ། རག
152b4 པའི་དབྱིངས་མི་འགྱུར་ཡང་། རིག་པའི་རྐྱེན་སྟོབས་ཟད་པས་འགྲུབ། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང་། ཆོས་ཀྱི་སྐུའི་གདམས་ངག་ལ་ཐུག་གོ།། ཞེས་ཡི་གེ་མེད་པའི་རྒྱུད་གསང་བ་ཆེན་པོ་ལས། རྫོགས་ཆེན་ཞལ་ཆེམས་སུ་བསྟན
152b5 པའི་ལེའུ་སྟེ་དྲུག་པའོ།། ། གནས་ལུགས་ཀྱི་རིག་པས་སྣང་ཐབས་ཀྱི་འཁོར་ལ་སྨྲས་པ། གསང་བ་ཡི་གེ་མེད་པའི་རྒྱད་ཆེན་པོ། རིན་པོ་ཆེ་རྒྱལ་མཚན་གྱི་རྒྱུད། རྒྱལ་པོའི་གདུང་རྒྱད། བལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ཆེན་པོ
152b6 རྫོགས་སོ།། ། ས་མ་ཡ། རྒྱཿ། འབྲེལ་པ་པདྨ་བ་འབྱེད་བྱ་བ་དང་། བཤད་པའི་མིག་བབྱེད་ཟླ་བ་ཡོད། ཡི་གེ་མེད་པ་ཉིད་ལ་མ་བུལྔ།། ། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་བཱ~ཾ་དྷ་ས་མཱ་དྷི་པ་རིཉྫཏྲ། ཛྙཱ་ན་ས་མུ་དཱ་པ་སཱ་ཏྲ།
152b7 མེ་ཧཱ་ལཱ་ན་བྲྀ་ཝཱནར་ཌྷ་ར་ཏིནྡ། སརྦ་དྷརྨྨ་ཀ་ར། སརྦ་བུདྡྷཱཏྐ་ཤ་ཡེ། མེནྟ་ཀ་ཛྙཱ་ན། མ་ཧཱ་སརྦྦརྠ་པྲ་ཀ་ཊ་ཏཀྵ། བཻདཱ་སྥོ་ད་ཡ་མ་ཧཱ་ཏནྟྲ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ཡོངས་སུ་བ་ཤ་ད་པ། ཡེ་ཤེས་འདྲེས་པའི
iiif viewer powered by OpenSeadragon
152a - 153a