| | e-texts navigator
|
147a1 སུ་ཤེས་ན་ཅོག་བཞག་གཅིག་གི་དང་།། ན་དང་ཀུན་དུ་གནས་ན་དེ་ལ་ཅི་ཞིགཿ།། སྣང་བ་ཆེན་པོ་ཀུན་ལ་ཡང་དག་གནས།། གསང་བ་སྔགས་ཀྱི་དང་གྲོན་ཉིད་དོ།། ཞེས་ཡིག་མེད་པའི་ཆུང་གསང་བ་ཉིད་ལས། རྗེས་སུ་གླེང་གདང་།
147a2 ལེའུ་སྟེ་དང་པོའོ།། ། མ་ཨཊྚཧྲཱཿ། དེ་ནས་རིག་པའི་རང་བཞིན་གང་ཡང་མ་འགགས་པར་གསལ་བའི་དགོངས་པ་ལ་སྙོམས་པར་བཞུགས་སོ།། དེ་ནས་མེད་བཞིན་དུ་སྣང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ།། ཀྱེ་མ་རིག་པའི་སུ་རྣམ་པར་དག་པ་ཆེན་པོས
147a3 ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིག་པའི་དགོངས་པའི་བཞགས་ཆེན་པོ་གསུང་དུ་གསོལ།། ཞེས་ཞུས་སོ།། དེ་ནས་གནས་ལུགས་ཀྱི་རིག་པས། སྣང་བ་ཐབས་ཀྱི་འཁོར་ལ་བཀའ་སྩལ་པ། ཀྱེ་མ། སྣང་རྒྱུད་མེད་ཀྱང་སྣང་བའི་འཁོར་རྣམས་ཉོན་ཅིག། ངས
147a4 སྒྲིབ་ཕྱོགས་ཀྱིས་མ་བསྒྲིབས་པའི་སྣང་བ་ཉིད་བསྟན་གྱིས། ཤིན་ཏུ་སྣང་བའི་དོན་ལ་མ་ཡེངས་པར་ཉོན་ཅིག། རྩ་བའི་དགོངས་པ་ཆེན་པོ་ནི། གྲངས་ནི་བཞི་ཡིས་གཏན་ལ་ཕེབས་པར་འགྱུར་རོ།། དེ་ཡང་འདི་ལྟ་སྟེ། རིག་པ་ཡེ་ཤེས་སུ་མ་ནོར་བར་བསྟན་པ། མི
147a5 འགྱུར་བ་རྩ་བའི་ལུང་ཆེན་པོ། ཡངས་པ་ཆོས་ཉིད་ཀྱི་སྣང་བ་ཆེན་པོ། དགོངས་པ་ཆོས་ཉིད་ཀྱི་སྟོབས་ཆེན་པོ། ལྟ་བར་དབྱུང་གི་འགྲོས་ཆེན་པོ། མི་འགྱུར་བའི་གཟེར་ཡིག་ཆེན་པོ། བརྟགས་པར་དཀའ་བའི་འཕྱོངས་ཆེན་པོ། བ་ཁར་དཀའ་བའི་མེ་བོང་ཆེན་པོ།
147a6 བགྲོད་པར་དཀའ་བའི་ལམ་ཆེན་པོ། གནས་པར་དཀའ་བའི་ཡུལ་ཆེན་པོ། ཕྱིན་པར་དཀའ་བའི་ས་ཆེན་པོ། མེད་བཞིན་དུ་སྣང་བའི་སྣང་བ་ཆེན་པོ། གཏིང་མེད་པའི་དཔག་པར་དཀའ་བ་ཆེན་པོ། ཁྱབ་པ་མེད་པའི་ཡེ་གདངས་ཆེན་པོ། ཤེས་པ་ཆེན་པོ་ལ་གཅོད
147a7 བྱེ་ཆེན་པོ། ཡུལ་རིག་གཉིས་སུ་མེད་པའི་དགོངས་པ་ཆེན་པོ། བེམས་པོ་མེད་པའི་སྣང་བ་ཆེན་པོ། མི་འགྱུར་བའི་ཡེ་ཤེས་གསལ་བ་ཆེན་པོ། ཕྲ་བལ་བཟུང་བར་དཀའ་བ་ཆེན་པོ། ཆེ་བ་ལ་མཐོང་བ་མེད་པ་ཆེན་པོ། ཟླུ་མ་ལ་དབྱིབས་མེད་པ་ཆེན་པོ།
iiif viewer powered by OpenSeadragon
146b - 147b