e-texts navigator
Collection
Volume
Page
Wylie

146a1 མ་སྤངས་པར་རྫོགས་པའོ།། ཀྱེ་མངལ་སྐྱེ་དང་འཆེབ་མེད་པས།། འགགས་པའི་ཆོས་ཉིད་ཡོངས་སུ་རྫོགས།། ང་ལ་ཕྱེ་དང་ནང་མང་ལས།། གསལ་བའི་ཆོས་རྣམས་ཡོངས་སུ་གྲགས།། ངལ་སྟོང་དང་དངས་མང
146a2 པས།། སྣང་བའི་ཆོས་ནི་ཡོངས་སུ་རྫོགས།། ང་ལ་དམིགས་པའི་ཡུལ་མེད་པས།། མཐོང་བའི་ཆོས་ནི་ཡོངས་སུ་རྫོགས།། ང་ལ་ལུས་དང་སེམས་མེད་པས།། རང་སྣང་ཆོས་ནི་ཡོངས་སུ་རྫོགས།། ངལ་བདག་དང་གཞན་མེད་པས།། རིག་པའི་ཆོས
146a3 ཡོངས་སུ་རྟོགས།། ངལ་བྱེད་པའི་རྒྱུ་མེད་པས།། བསམ་གཏན་ཆེན་པོ་ཡོངས་སུ་རྫོགས།། ངལ་ཕྱིན་པའི་རྡུལ་མེད་པས།། རང་སྣང་ཡུལ་ནི་ཡོངས་སུ་རྫོགས།། ང་ལ་ཕྱོགས་དང་རིས་མེད་པས།། གསང་བའི་ཡེ་ཤེས་ཡོངས་སུ་རྫོགས།། ང་ལ་སྣང་བ་འགག
146a4 མེད་པས།། དབྱིངས་ཀྱི་ཆོས་གསུམ་ཡོངས་སུ་རྫོགས།། ང་ལ་གཅིག་དང་གཉིས་མེད་པས།། ཐིག་ལེའི་ཆོས་རྣམས་ཡོངས་སུ་རྫོགས།། ང་ལ་མུན་དང་སྣང་མེད་པས།། མངོན་པར་སྣང་བའི་ཆོས་རྣམས་རྫོགས།། ངལ་བདག་རྟོག་གཉིས་མེད་པས།། སྟོང
146a5 པའི་ཆོས་ནི་ཡོངས་སུ་རྫོགས།། ང་ལ་དྲི་མ་གཉིས་མེད་པས།། གསལ་བའི་ཆ་ལ་ཡོངས་སུ་རྫོགས།། ང་ལ་སྐུ་ལཱ་རང་སྣང་བས།། ཞིང་ཁམས་ཐམས་ཅད་ཡོངས་སུ་རྫོགས།། ངལ་སྟོ་ཞིང་བསྡུ་མེད་པས།། ཡི་གེའི་དོན་རྣམས་ཡོངས་སུ་རྫོགས།། ངན་འགྲན
146a6 པའི་ཟླ་མེད་ཀུན་ལས་རྒྱལ་བ་ཡིན།། ང་ནི་བཅོས་པའི་ཚིག་མེད་ཀུན་ལས་འཕགས་པ་ཡིན།། ང་ལ་མཐོང་བའི་ཡུལ་མེད་ཀུན་ལ་ཁྱབ་པ་ཡིན།། ང་ལ་གནས་པའི་ས་མེད་ཀུན་ལ་བརྟེན་པ་ཡིན།། ང་ནི་སྟོང་པའི་སེམས་མེད་ཀུན་ལ་མཚོན་པ་ཡིན།། ང་ནི་དྲན
146a7 པའི་ཡིད་མེད་ཀུན་ལ་འཇུག་པ་ཡིན།། ང་ནི་ར་བ་ཉིད་མེད་ཀུན་ལ་ཡངས་པ་ཡིན།། ང་ནིག་ཡང་ས་མེད་ཅིང་ཀུན་ལ་འཕྲོ་བ་ཡིན།། ང་ནི་འཁྲུལ་པའི་ཡུལ་མེད་སྣང་བ་ཆེན་པོ་ཡིན།། ང་ནི་སྤྱོད་པའི་རྒྱུ་མེད་ཀུན་ལ་སྤྱོད་པ་ཡིན།། འནི་ཕྱིན་པའི་གནས་མེད




iiif viewer powered by OpenSeadragon

145b - 146b

Texts on this page

Gdg003.6 - yi ge med pa'i rgyud chen po zhes bya ba / rin po che rgyal mtshan gyi rgyud / rgyal po'i gdung rgyud / lta ba nam mkha' dang mnyam pa'i rgyud chen po