e-texts navigator
Collection
Volume
Page
Wylie

145a1 ན་གར་མ་དང་། ཨན་ཀྲུར་སྭཱ་ཧྨ་ན་པ་ནཆུང་དངས་དྲུག་གནུས་མ་མ་ཧཱ་ཧཱཿ། བདམ་དང་། ཡིགམེད་པའི་ནད་ཅན་པ་ཞེས་རྣག། ར་པ་མཐལ་མན་ནད། ནལ་དུ་གང་དྷ།
145a2 ལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ཆེན་པོའོ།། ཨཱཿབཅོམ་ལྡན་འདས་སྐུ་ཡི་སྙིང་བ་རྒྱ་ཆེར་སྟོན་པ་ཉིད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། རྒྱུད་ཐམས་ཅད་བཤད་དུ་མེད་དོ།། མཚན་མ་མེད་པའི་ཀློང་དུ་འདས་ཤིང་བཤད་དུ་མེད་དོ།།
145a3 ལུང་ཐམས་ཅད་བསྟན་དུ་མེད་དོ།། མ་བཅོས་པའི་ཀློང་དུ་འདས་ཤིང་རྩོལ་བསླབ་མེད་པའོ།། མན་ངག་ཐམས་ཅད་མཚོན་དུ་མེད་པའོ།། མ་བསླད་པའི་ཀློང་དུ་འདས་ཤིང་། བསྒྲུབ་ཏུ་མེད་པའོ།། ཨེ་མ་ཧོ། ཉོན་ཅིག་སྣང་བུ་དམ་པའི་འཁོར་རྣམས། སྡང་བ་ཐབས
145a4 ཀྱི་འཁོར་ལ་གནས་ལུགས་ཀྱི་རིག་པ་མ་འགགས་པར་གསལ་ལོ།། དེ་སྐད་ཅེས་རིག་པའི་གནས་ནས་སྡར་མ་གསུངས་སོ།། ད་ལྟ་ཉིད་དུ་མི་གསུང་ངོ་།། ཕྱིས་གསུང་བར་མི་འགྱུར་རོ།། ཨོཾ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཆོས་ཉིད་རང་སྣང་གི
145a5 ནམ་མཁའ་ལ། སྟོབས་ཀྱི་རིག་པ་མ་འགགས་པར་ཤར་བའི་ཚེ། སྟོན་པ་ཉིད་སྣང་བ་མེད་པའི་སྐུས་བརྒྱན་མའི་ཀློང་ན་བཞུགས་ཏེ། དེ་ཡི་ཚེ་འཁོར་ནི་མི་སྣང་བའི་སྣང་བ་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་དེ་ཡི་ཚེ་ཡིད་རྟོག་པ་དང་བཅས་པས་འདི་སྐད་ཅེས
145a6 གསོལ་ཏོ།། ཀྱེ་མ་རིག་པའི་རྒྱལ་པོ་ཉིད། སངས་རྒྱས་རྣམས་ཀྱི་ལྟ་བའི་དོན་གང་ལགས། དགོངས་པའི་དོན་ཇི་ལྟ་བུ་ལགས། ལུང་བསྟན་དུ་གསོལ། ཐབས་བསྟན་དུ་གསོལ།། ཞེས་ཞུ་བ་ཉིད་རབ་ཏུ་ཞུས་སོ།། དེ་ནས་ཡང་སྣང་བ་མེད་པའི་ཀློང་ནས། སྟོན་པ་མེད་པའི
145a7 རིག་པས་བཀའ་སྩལ་པ། ཀྱེ་མ་ཀྱེ་མ་མེད་བཞིན་དུ། སྣང་བའི་འཁོར་རྣམས་རབ་ཏུ་ཉོན་ཅིག། ང་རང་བྱུང་ཡེ་ཤེས་ཀྱི་ལྟ་བ་ལ་བཅད་པའི་ཡུལ་མེད་དོ།། སྔར་འདས་པ་མེད་དོ།། ཕྱིས་འབྱུང་བ་མེད་དོ།། ད་ལྟར་སྣང་བ་གང་ཡང་མེད་དོ།། ལས་མེད་དོ།། བག




iiif viewer powered by OpenSeadragon

144b - 145b

Texts on this page

Gdg003.6 - yi ge med pa'i rgyud chen po zhes bya ba / rin po che rgyal mtshan gyi rgyud / rgyal po'i gdung rgyud / lta ba nam mkha' dang mnyam pa'i rgyud chen po