e-texts navigator
Collection
Volume
Page
Wylie

144a1 འབྲས་བུང་།། དེ་ཉིད་རྣམ་པ་གསུམ་ལས་ནི།། གཞི་ལམ་དབང་གི་འབྲས་བུའོ།། དེ་ཡི་ལུང་ནི་རྣམ་བཞི་ལས།། ཡིད་ཆེས་དབང་གི་འབྲས་བུའོ།། དེ་ཡི་ལས་ནི་རྣམ་བདུན་ལས།། མཚན་པ་དབང་གི་འབྲས་བུའོ།། ད་ལྟར་རྫོགས་བྱེད་ལམ་ལྔ་ལས།། བློ་གཞན་དབང་གི་དབྲས
144a2 བུའོ།། དེ་ལྟར་རྟོགས་པའི་སྐྱེས་བུ་དེས།། སྐྱེ་མེད་ས་ལ་རྣམ་པར་ཕྱིན།། མཐར་ཕྱིན་དབང་གི་འབྲས་བུའོ།། རྫོགས་སངས་རྒྱས་དང་མཉམ་སྦྱོར་བ།། དཀྱིལ་འཁོར་ཐམས་ཅད་མ་བསྒྲུབས་འགྲུབ།། ཐེ་ཚོམ་རྟོག་པ་ཆོད་པའོ།། ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། དབ
144a3 རིན་པོ་ཆེ་འཁོར་ལོ་རྣམ་པར་བཤད་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། རྫོགས་སོ།། །། གཏེར་ནས་གཏེར་དུ་སྩལ་བ་ལགས།། སྔགས་ཀྱི་སྲུལ་མས་སྲུངས་ཤིག། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ།། དེ་ནས་སྒྲ་ཐམས་ཅད་གཏན་ལ་ཕབ་པའི
144a4 མན་ངག། དོན་དང་ཡེ་ཤེས་ཀྱི་འབྲེལ་པ། གསང་སྔགས་ཀྱི་ལྷ་ཕུག་དོན་ཐམས་ཅད་ཀྱི་འདུས་ས། ཡེ་ཤེས་ཆེན་པོའི་མདོ་འདི་བསྟན་ཏེ། དེ་ལ་སྒྲའི་སྡོམ་ཀྱང་འདི་ལྟ་སྟེ། ཐམས་ཅད་དུ་སྐྲགར་གྲགས་པར། རང་བཞིན་རང་བྱུང་གི་ཐུགས་རྗེའི་ཡི་གེར་འདི་ལྟར་ཤེས་པར་བྱའོ།།
144a5 ལ་འོག་ནས་བཤད་དེ། ཨཿནི་སྐྱེ་མེད་ཀྱི་ཡི་གེང་ཀུན་ཏུ་ཤེས་པར་བྱའོ།། ཧ་ནི་དག་པའི་ཡི་གེར་ཤེས་པར་བྱའོ།། ས་ནི་མི་འགྱུར་བའི་ཡི་གེ་ཤེས་པར་བྱའོ།། ཤ་ནི་ཤེས་རབ་ཀྱི་ཡི་གེར་ཤེས་པར་བྱའོ།། ལ་ནི་གཅོད་བྱེད་ཀྱི་ཡི་གེར་ཤེས་པར་བྱའོ།། ར་ནི་དང་བྱང་ཐུགས་རྗེའི་ཡི་གེར་ཤེས་པར་བྱའོ།།
144a6 ཡ་ནི་དང་སྣང་གི་ཡི་གེར་ཤེས་པར་བྱའོ།། འ་ནི་འགག་མེད་ཀྱི་ཡི་གེར་ཤེས་པར་བྱའོ།། ད་ནི་མཚོན་པའི་ཡི་གེར་ཤེས་པར་བྱའོ།། ཀ་ནི་སྐུ་གསུམ་གྱི་ཡི་གེར་ཤེས་པར་བྱའོ།། ཁ་ནི་གཉིས་སྣང་གི་ཡི་གེར་ཤེས་པར་བྱའོ།། ག་ནི་སྐྱོབ་པའི་ཡི་གེར་ཤེས་པར་བྱའོ།། ད་ནི་འཁོར་པའི
144a7 ཡི་གེར་ཤེས་པར་བྱའོ།། ཙ་ནི་ལྕི་བའི་ཡི་གེར་ཤེས་པར་བྱའོ།། ཆ་ནི་རྒྱན་གྱི་ཡི་གེར་ཤེས་པར་བྱའོ།། ཛ་ནི་སྣང་བའི་ཡི་གེར་ཤེས་པར་བྱའོ།། ཉ་ནི་ཤེས་པའི་ཡི་གེར་ཤེས་པར་བྱའོ།། ཧ་ནི་རྟག་པའི་ཡི་གེར་ཤེས་པར་བྱའོ།། ཐ་ནི་ཤིན་ཏུ་འཐུག་པའི་ཡི་གེར་ཤེས




iiif viewer powered by OpenSeadragon

143b - 144b

Texts on this page

Gdg003.5 - sku thams cad kyi snang ba ston pa / dbang rdzogs pa rang byung chen po'i rgyud