e-texts navigator
Collection
Volume
Page
Wylie

142a1 ཤཱུཿ། མད་རང་གསལ་ལོ།། དངས་པོ་རྣམ་པ་བཞི་ཆེན།། མཚན་མའི་མང་དང་ཡི་གེའོ།། མཆོག་ལྡན་དངོས་གྲུབ་རྣམ་པ་བཞི་ཡི་ཆ།། དངོས་དང་སྣང་དང་རང་བཞིན་ནོ།། སྟོང་པའི་ཐིག་ལེ་དྲུག་གི་ཚེ།། ང་དང་འང་དང་རྣམ་མ་པའོ།། མ
142a2 མའི་ཡིག་འབྲུ་གཉིས་ཀྱི་ཚེ།། དཀར་དང་དམར་དང་འགྲོ་འདུའོ།། ཐབས་དང་ཤེས་རབ་འཁྲིལ་སྦྱོར་ཚེ།། ཡུལ་དང་རིག་པ་བདེ་བའོ།། དཀྱིལ་འཁོར་རྣམ་བཞི་བསྟིམ་པའི་ཚེ།། མི་དམིགས་གསུམ་དང་འོད་དྲུག་གོ།། ལྷ་ཡི་མཚན་མ་འཇུག་ཚེ་ན།། སྟོང་ཉིད་གསུམ
142a3 དང་རང་གསལ་ལོ།། ཆོས་སྐུའི་བདེ་བ་དྲུག་བྱེད་ཚེ།། ས་དང་དཀྱིལ་འཁོར་རྫོགས་སུའོ།། སྤྲིན་བྱེད་ཐོབ་པའི་ཡུལ་བཞིའི་ཚེ།། ས་བོན་མྱུ་གུ་འབྲས་བུའོ།། དགའ་བ་དེའི་ཡུལ་ནི་བཞི་ཚན།། ལྡང་བ་རྒྱས་འདེབས་བདེ་ཆེན་རོལ།། རྟོག་མེད་ལམ་ནི་བཞི་ཡི་ཚེ།། སྱཱད་དང་མི
142a4 སྣང་ཆོས་མཆོགས།། འཇུག་པ་རྣམ་པ་གསུམ་གྱི་ཚེ།། མཐོང་དང་རྟོགས་དང་ཐོབ་པའོ།། ལས་ཀྱི་རྣམ་པ་བཞི་ཡི་ཚེ།། རྟགས་དང་མཚོན་མདུས་ཆོད་དོ།། རླུང་གི་འཕྲོ་འདུ་བཞི་ཡི་ཚེ།། གནས་དང་ལམ་དང་འཆང་ལྐོག་རྒྱན།། འགྱུར་བའི་དུས་ཆོད་པཞི་ཚེ་ན།། གནད་དང
142a5 གདུན་དང་བརྟན་བཟློག་གོ།། ཐིག་ལེ་བདེ་བ་གཉིས་ཀྱི་ཚེ།། དྲན་དང་བསྟིམ་དང་བསྐོར་ལོག་གོ།། བསྐོར་ལོག་རྣམ་པ་བཞི་ཚོན།། མྲྀ་དང་ཨ་དང་སྒོ་བསྡུའོ།། མཚན་མའི་ཡི་གེ་གཉིས་ཀྱི་ཚེ།། སྒྲ་དང་མཚན་མ་ཁ་དོག་ག། གསང་བའི་འཕྲོ་འདྲ་གཉིས་ཀྱི་ཚེ།། བདེ་དང
142a6 སྟོང་དང་ཁྱབ་བཞིའོ།། དྲན་པ་རྣམ་པ་བཞི་ཡི་ཚེ།། སྤྲིན་དང་གྲོལ་དང་བལ་བའོ།། བཀྲ་ཤིས་མཚན་མ་བཞི་ཡི་ཚེ།། གཞལ་ཡས་རྣམ་པ་བཞི་ཡིན་ནོ།། མཚན་མ་བྷན་དྷ་བརྒྱད་ཀྱི་ཚེ།། སྐུ་དང་དབྱིངས་དང་རྣམ་ཐར་རོ།། གསལ་འཚོར་ཡུ་བ་ཅན་གྱི་ཚེ།། དབྱིངས་དང
142a7 ཐབས་དང་རབསྡང་ངོ་།། ཆལ་ཆེན་དུ་མ་བུ་གཅིག་པའི་ཚེ།། ཉག་གཅིག་སྤོས་བྲལ་གཞི་རྫོགས་སོ།། དཀར་འཚེད་དམར་ལ་དང་མངའི་ཚེ།། རྒྱས་གདབ་ཏིང་འཛིནར་མྱང་གཉིས་ཡིན་ན།། སྦྲང་སྡུག། ཡིད་འོང་ལྔ་མེ་ཚེ།། འོད་དང་པ་དོག་མཚན་མའོ།། མུ་མེད་གསལ་འཚེར་ལྔ་ཡི་ཆ།




iiif viewer powered by OpenSeadragon

141b - 142b

Texts on this page

Gdg003.5 - sku thams cad kyi snang ba ston pa / dbang rdzogs pa rang byung chen po'i rgyud