| | e-texts navigator
|
13b1 ཞེས་ཞུས་ས།། ཀ་དག་གཞི་ནས་ངག་ལ་རང་སྔང་ཚུལ།། འབྲུར་གསུམ་ཐ་རགས་རྣམ་པ་གསུམ།། དངས་མའི་ཆུ་ལ་ས་བཏབ་རྟོག་དང་མཚུངས།། རབ་ཛྲ་མད་ཀ་དག་གར་མ་བཞིན།། དྷ་ལྟར་རྟོགས་པའི་ཤེས་རབ་མིག་ཡོད་པས།། རྣམ་གསུམ
13b2 མ་ཐུབ་ངོ་བོ་འདུག་ཚུལ་ཡང་།། གསུམ་ཉིད་བྱུང་ཚུལ་གནས་ཚུལ་ངོ་ལ་གསལ།། དབུགས་དང་བྲལ་བས་ཕྲ་རགས་རང་དག་འགྱུར།། ཤེས་རབ་ཅན་ལ་ད་ལྟ་ཉིད་ལ་དག། དེ་ལྟར་མ་མཐོང་སྒྲོལ་བས་དག་འགྱུར་མེད།། ཅེས་གསུངས་སོ།། དེ་མེད་ཀ་དག
13b3 གི་རྒྱུད་རིན་པོ་ཆེ་འོད་གསལ་ཆེན་པོ་ལས། ཆོས་ཉིད་ཀ་དག་རིན་པོ་ཆེ་འོད་གསལ་བར་བསྟན་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་ཡང་རྡོ་རྗེ་འཆང་ལ་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་དྲི་མ་མེད།། རྟོག་མེད་ཡེ་ཤེས་རརགས་ལ་མངའ།། རིག་པ
13b4 ཀ་ནས་ཇི་ལྟར་དག། དག་པའི་ངོ་བོ་ཇི་ལྟར་གནས།། དྲི་མ་ཕྲ་རགས་ཅི་ཡིས་སྣང་།། དྲི་མ་དག་པར་གང་གིས་བྱེད།། འདུས་པའི་ཚོགས་ལ་གསུང་དུ་གསོལ།། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། སྐྱེ་འགག་མེད་པའི་ཡེ་ཤེས་ལས།། ཕྱོགས་ལྟང་མེད
13b5 པའི་ཤེས་རབ་གསལ།། དེ་ཉིད་རིག་པ་ཉག་གཅིག་གསལ།། གདོད་ནས་དག་པའི་རིག་པ་ལ།། སྒོ་ལྔའི་ཆོས་ཅན་ཀ་ནས་དག། རེག་པ་ཟང་ཐལ་སྤོས་མེད་ལ།། ཡིད་ཀྱི་རྣམ་ཤེས་ཀ་ནས་དག། རང་གསལ་འཛིན་མེད་ཡེ་གནས་ལ།། དར་འཛིན་ཏོན
13b6 མོངས་ཅན་གྱི་ཡིད།། མ་སྦྱངས་ཀ་ནས་དག་པ་ཡིན།། རིག་པ་སྤྲོས་དང་བྲལ་བ་ཉིད།། ཉག་གཅིག་ཀ་ནས་དག་པ་ལ།། འཕེལ་འགྲིབ་གང་སྟོངས་མེད་པས་ན།། ཀུན་གཞི་ཀ་ནས་དག་པ་ཡིན།། དེ་དག་ཡོན་ཏད་ཕྱོགས་སྡང་སྟེ།། རོ་བ་འདུག་ཚུལ་འདི
13b7 ལྟར་གནས།། མི་རྟོག་ཡེ་ཤེས་རང་གསལ་ལ།། སེམས་མེད་རང་རིག་ཡེ་གནས་དོན།། ལྷ་ཡི་ལྷ་མཆོག་བཀའ་སྩལ་པ།། རྡོ་རྗེ་འཛིན་སོགས་ངེས་ཟུང་ཞིག། གྱི་ནང་མེད་པའི་ཟང་ཐལ་ནི།། ཆོས་ཉིད་གཟུང་འཛིན་བྲལ་བ་ལ།། འབྱུང་བཞིའི་སྒྲིབ་པ
iiif viewer powered by OpenSeadragon
13a - 14a