| | e-texts navigator
|
13a1 ལ་བཞུགས་ཏེ། དཔལ་འཇིགས་བྱེད་ཀྱི་རྒྱལ་པོ་ལ། མངོན་པར་འཁོད་པའི་མཁའ་འགྲོ་རྣམ་པ་ལྔ་དང་། བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་བདུན་དང་། གསང་བའི་བདག་པོ་རྣམས་བྱིན་གྱི་རླབས་ཀྱིས་འདུས་སོ།། དེའི་ཚོགས་ང
13a2 བདག་པོས་སྔ་དྲངས་ཏེ། འདུས་པའི་ཚོགས་ཀྱིས་མར་མེ་མཛད་ལ་བརྐྱང་ཕྱག་འཚལ་ཏེ། བསྐོར་བ་ལན་དགུ་མཛད་དེ། འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ། དཔལ་གྱི་དཔལ་མཆོག་ཧེ་རུ་ཀ། གསང་བ་ཡང་གསར་དྲྀ་མེད་ཀ་དག་དོན།། རིན་ཆེན་འོད་གསལ་ཆེན
13a3 དེའི་བྱད།། མེ་རིག་མུ་པ་བསལ་བ་ཕྱོག། ཤེས་བཅད་པ་པར་བའི་འངས།། འདུས་པ་གས་པ་ས་ག་སྷོ།། ཞེས་གྲསས།། ད་པས་བཀའ་ཐལ་པ། \ུ0f7f། གསུང་བཅོམ་ཅ་དང་ཚར་ཐགས་ཀྱི་ག
13a4 བའི་རྒྱས་བཏབ་པ།། ཤེས་རབ་ཀ་དག་ཆེན་པོའི་རྒྱ་བྲལ་ནས།། ཀ་དག་འོད་གསལ་རྒྱུད་ཆེན་གཏེར་བྱུང་བ།། དབུགས་མེད་འགྱུར་བ་ཡེ་ཤེས་རླུང་གི་རྟ།། རང་བྱུང་ཡེ་ཤེས་མི་བོ་ཆེན་པོས་ཆིབས།། ཡིད་ལས་འདས་པའི་ཤེས་རབ་ཀ་དག་མཚོར།། ཕྱག་ཏུ
13a5 བསྣམས་ཏེ་ཟླ་གམ་པདྨ་ཅན།། གསུང་གི་སྒོ་མོ་ཆེན་པོར་ལམ་ཕྱུང་ནས།། ཆོས་བུ་དྲི་མེད་ཀ་དག་ལ་སོགས་པ།། རིན་ཆེན་འོད་གསལ་ཆེན་པོ་ངས་བཤད་ཀྱི།། འདུས་པའི་འཁོར་ཚོགས་རྔུབ་ངེས་ལྷོགས་དང་།། ཚིག་གི་བདུད་རྩིས་བློ་ཡི་ཐེ་ཚོམ་ནད།
13a6 གཏང་ནས་ཕྱུང་ལ་གཞི་དགོངས་ཆེན་པོའི་དོར།། དྲི་མེད་ཀ་དག་རིན་ཆེན་འོད་གསལ་འདི།། སྐལ་ལྡན་ཐུགས་ལ་སྒྲོན་མ་གསལ་བར་བསྟན།། ཞེས་གསུངས་སོ།། དྲི་མེད་ཀ་དག་གི་རྒྱུད་རིན་པོ་ཆེ་འོད་གསལ་བ་ལས། གླེང་གཞི་ལེའུ་རྩེ་དང་པོའོ།།
13a7 དེ་ནས་ཡང་གསང་བའི་བདག་པོས་ཞུས་པ།། ཀྱེ་ཀྱེ་བཅོམ་ལྡན་དཔལ་གྱི་དཔལ།། ཆོས་ཉིད་ཀ་ནས་ཇི་ལྟར་དག། དག་པའི་ངོ་བོ་ཇི་ལྟར་གནས།། དྲི་མ་ཕྲ་རགས་ཅི་ཡིས་སྣང་།། དག་པའི་ངང་དུ་སྒྲོལ་ཐབས་གང་།། འདུས་པའི་ཚོགས་ལ་གསུང་དུ་གསོལ
iiif viewer powered by OpenSeadragon
12b - 13b