e-texts navigator
Collection
Volume
Page
Wylie

12b1 དགོངས་འདུས་རི་བོ་བརྩེགས་པར་ཟུང་།། ཐེག་པ་དགུ་ལས་ཁྱད་པར་འཕགས་པའི་ཕྱིར།། དབུ་སྦྱིཏེ་ཡོག་བྱ་བར་ཟུང་།། ལྷ་སྒོམ་སྤྱོད་འབྲས་ཀུན་གྱི་ལ་བཟླའི་ཕྱིར།། ལ་བློ་གྱི་རྒྱལ་ཀུན་གྱི་རྒྱུད་དུ་ཟུང་།། ཞེས་གསུངས་སོ།། སྨོན་པས་ཡང
12b2 གསུངས་པ།། རྒྱུད་འདི་གཏང་བའི་སློབ་མ་སྣོད་ལྡན་ནི།། རི་བོའི་བློ་ལ་ཉི་ཟླའི་སེམས།། རལ་གྲིའི་ཤེས་རབ་དང་དཀར་རྒྱུད།། ཤེལ་གོང་དམ་ཚིག་བུ་ཆུང་སྤྱོད།། དེ་ལྡན་འཇིག་རྟེན་འདི་ན་དཀོན།། བླ་མ་གཙུག་ཁུར་དམ་ཚིག་བཟུང་།། ཤེས་རབ་ཚུལ་གཏོང་པོད་ཆེ།།
12b3 དང་རིང་དགེ་སེམས་མན་ངག་འཆང་།། དེ་ལྟ་བུ་ལ་རྒྱུད་འདི་གཏད།། རྗོད་མེད་རྣམས་ལ་མ་གཏད་ཅིག། ཅེས་གསུངས་སོ།། སངས་རྒྱས་ཀུན་གྱི་དགོངས་པའི་བཙུད་བསྡུས་རི་བོ་བརྩེགས་པའི་རྒྱུད་ལས། མཚན་དང་གཏད་རྒྱ་བསྟན་པའི་ལེའུ་སྟེ་ཉིད་གཅིག་པའོ།། །
12b4 སངས་རྒྱས་ཀུན་གྱི་དགོངས་པའི་བཅུད་བསྡུས་རི་བོ་བརྩེགས་པའི་རྒྱུད་རྫོགས་སོ།། ། རྒྱ་གར་སྐད་དུ། ཨ་མ་ལ་ཤུདྡྷ་ཏནྟྲ་རཏྣ་མ་ཧཱ་པྲ་ཀ་ཊ་ནཱ་མ། བོད་སྐད་དུ། དྲི་མེད་ཀ་དག་གི་རྒྱུད། རིན་པོ་ཆེ་གསལ་བ་ཆེན་པོ་ཞེས་བྱ་བ། བཅོམ་ལྡན་འདས་ཡེ
12b5 ཇི་བཞིན་པའི་རྡོ་རྗེ་འཆང་ཆེན་པོ། སྐྱོན་ཀ་དག་ཡོན་ཏན་ལྷུན་གྱིས་གྲུབ་པའི་སྟོན་པ། དྲི་མ་མེད་པའི་དགོངས་པ་མངའ་བ། རིན་པོ་ཆེ་འོད་འབར་བའི་དཔལ་ལ་ཕྱག་འཚལ་ལོ།། བུདྡྷ་སནཱ་མ་ལ། ས་མ་དྷཱི་ཨ་ཧོ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ
12b6 ལྡན་འདས་སྟོན་པ་འོད་མི་འགྱུར་བ་རིན་པོ་ཆེ་དྲི་མེད་འོད་གསལ་བ། ཡེ་ཇི་བཞིན་པ་ཆེན་པོ་གཞོན་ནུ་བུམ་པའི་སྐུ་རུ་བཞུགས་པ། གཞོན་ནུའི་མཚན་རབ་ཏུ་དངས་པ། ཤེས་རབ་ཀྱི་སྐུར་བཞེངས་པ་སྟེ། ཆོས་ཉིད་དྲི་མེད་ཀ་དག་གི་ཀློང་། མི་འགྱུར་བའི་གཞལ
12b7 མེད་ཁང་། ཕྱི་ནང་མེད་པར་ཟང་ཐལ་བ། རྒྱ་ཡོངས་སུ་མ་ཆད་པའི་ཀློང་དུ་རིན་པོ་ཆེ་འོད་གསལ་བས། སྦྲུལ་སྐུའི་གནས་སུ་ཤར་བ་ནི། ལྷོ་ཕྱོགས་བདེ་ལྡན་ཡིད་འདྲེས་པའི་ཚལ། པདྨ་བརྩེགས་པའི་ཕོ་བྲང་། གསང་ཆེན་རོལ་པའི་དུར་ཁྲོད། མེ་རི་འབར་བའི་རྩེ




iiif viewer powered by OpenSeadragon

12a - 13a

Texts on this page

Gdg003.1 - sangs rgyas kun gyi dgongs pa'i bcud bsdus ri bo brtsegs pa'i rgyud
Gdg003.2 - dri med ka dag gi rgyud / rin po che gsal ba chen po