| | e-texts navigator
|
12a1 དེ་ནས་དང་དངས་ཁྱེའུ་ཆུང་གིས།། ཡ་ཐོག་ཀ་དག་སངས་རྒྱས་ལ།། ཤེས་མེད་བློ་འདས་གལ་སྒྲིབ་ལ་ནི་གང་དུ་བཟླ།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཤེས་མང་པོ་འདས་རྟོགས་པ་ཡ
12a2 སྙིང་པོ་མ་བུ་ངོ་འཕྲད་འཁྲུལ་དུ་མེད།། དངོས་མེད་འོད་གསལ་མུན་སངས་སྒྲིབ་པ་མེད།། འགྲོ་སྒོམ་ནོར་གོལ་དུ་མེད།། གོ་ལ་སྒྲིབ་འཁྲུལ་གསུམ་ལ་བཟླའོ།། ཞེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས། གྲོལ་སྒྲིབ་འཁྲུལ་པ་ལ་བཟླ
12a3 བཱའི་ལེའུ་སྟེ་བཅུ་དགུ་པའོ།། ། དེ་ནས་རང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་ཀ་རག་སངས་རྒྱས་ལ།། ལྷ་སྒོམ་པ་བཟླ་ཇི་ལྟར་ལགས།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པོ།། སྐོམ་སྤྱོད་འབྲས་ལ་བཛྲ་རེ།
12a4 ཡིན་རྒྱུ་ཡེ་མེད་ཚིག་མེད་བལྟར་མེད་ཞེ་འདོད་མེད།། ལྟ་བའི་རྒྱལ་པོ་རྟེན་མེང་བྱལ་བས་ལྟ་བའི་ལ་ཆེན་བཟླ།། མིན་རྒྱུ་ཡེ་མེད་གཡོ་རྩོལ་དྲན་རྟོག་བསམ་དམིགས་མེད།། གཡོ་འགུལ་རྟོག་མེད་བསྒོམ་པའི་ལ་ཆེན་བཟླ།། བྱར་མེད་གང་ཡང
12a5 མ་ཆགས་སྤྱོད་པའི་ལ་ཆེན་བཟླ།། དངོས་མེད་གདོད་གྲུབ་ཀ་དག་བློ་འདས་འབྲས་བུའི་ལ་ཆེན་བཟླ།། ལྟ་སྒོམ་སྤྱོད་འབྲས་ལ་ཆེན་བཟླ།། རྟེན་མེད་མི་འགྱུར་རྟོག་དཔྱོད་བློ་ལས་འདས།། གཞིར་བསྐུས་དབྱེར་མེད་གཅིག་ཏུ་བཟླ།། གཅིག་ནི་དངོས་མེད་ཀ
12a6 དག་གོ།། ཞེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས། ལྷ་སྒོམ་ལ་བཟླ་བའི་ལེའུ་སྟེ་ཉི་ཤུ་པའོ།། ། དེ་ནས་དང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། མཚན་དང་གཏད་རྒྱ་ཇི་ལྟར་གཟུང་།། ཞེས་ཞུས
12a7 པ་དང་།། སྟོན་པས་འཁོར་ལ་བཀའ་སྩལ་པ། དུས་གསུམ་དེ་བཞིན་གཤེགས་པས་གཅིག་ཏུ་བསྡུས།། སངས་རྒྱས་ཀུན་གྱི་ཐུགས་དགོངས་ཡང་སྙིང་བཅུད།། བཅུད་འདུས་རི་བོ་བརྩེགས་པ་སྐུ་གསུམ་ལྷན་སུབ་བརྩེགས།། དེ་ཕྱིར་སངས་རྒྱས་ཀུན་གྱི
iiif viewer powered by OpenSeadragon
11b - 12b