| | e-texts navigator
|
11b1 ཀྱིས་ད་ཡེ་ཤེས་པ་བསྐྱེད་རྫོགས་ཚུལ་བསྒོམ།། ཨ་ཏི་ཡོག་འི་ལྟ་བཞོམ་ནི།། སྣང་སྲིད་ཆོས་སུ་སྟང་བ་ཧད་པོར་བ་རྣམ།། ཞེས་གསུངས་སོ།། ར་བོ་བརྩེགས་པའི་རྒྱུད་པས། ཟག་པ་ལ་རྒོས་བསྟན་པའི་དེཉས་པཇུག
11b2 དེ་ནས་དང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། དཀུ་ལས་སྱེ་ཏཱི་གང་གིས་གྲགས།། ཞེས་ཞུས་པ་དང་།། སྟོན་པས་འཁོར་ལ་དཀའ་ཕྲལ་པ།། དངོས་མེད་ཀཱ་དག་གྲགས་དང་མ་གྲགས་མེད།། བློ་ཁྱད་དགུ་རྩཇི་སྔགས་ཚལ་ནི
11b3 ཀ་དག་བློ་འདས་ཞེ་འདོད་རྟེན་མེད་ཀྱི།། ཕྱོགས་བྲལ་ལྟ་བ་དགུ་ལས་སྤགས།། ཡིད་སེམས་གཡོ་འགུལ་གང་ལའང་བསམ་བསྒོམ་མེད།། དྲན་སེམས་གང་ལ་མི་སྐྱེ་བསྒོམ་པའི་རྒྱལ་པོ་སྤགས།། གང་ཡང་མ་ཆགས་ཡིད་སྨོན་བློམས་འདས།།
11b4 ཞེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས། དགུ་ལས་སྤྱི་ཏི་འཕགས་པའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། དགུ་མེ་རྟོགས་ནགོལ་སྒྲིབ་ཡོད་དམ་མེད།། ཅེས
11b5 ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྤྱི་རྗེ་བློ་འདིས་འདི་རྟོགས་ན།། གོལ་སྒྲིབ་འཁྲུལ་པ་གང་ཡང་མེད།། སྟོང་གསལ་ཀ་དག་གསལ་དག་སྟོང་།། ཡེ་མེད་གདོད་ནས་དངོས་གཞི་མེད།། གོལ་སྒྲིབ་འཁྲུལ་གསུམ་ཀ་ནས་དག
11b6 ཅེས་གསུངས་སོ།། སྟོན་པས་འཁོར་ལ་ཡང་གསུངས་པ།། དེ་མ་རྟོགས་ཀྱི་གང་ཟག་ལ།། གོལ་སྒྲིབ་འཁྲུལ་པ་བསམ་མི་ཁྱབ།། ཐེག་པ་རེ་ལ་བཅུ་ཚན་བཅུ།། གོལ་སྒྲིབ་སུམ་བརྒྱ་དྲུག་ཅུ་ཡོད།། མདོར་བསྡུས་རྣམ་པ་གསུམ་དུ་བསྡུས།། གནས
11b7 དོན་མ་རྟོགས་སྒྲིབ་པ་ཡིན།། ཀ་དག་མ་རྟོགས་འཁྲུལ་པ་ཡིན།། འོག་མ་འོག་མའི་ལྷ་སྒོམ་གྱིས།། གོང་མགོར་མ་བསྒྲིབླ་པ་ཡིན།། ཞེས་གསུངས་སོ།། རི་བོ་བརྩེགས་པའི་ཆུང་པས། གོལ་སྒྲིབ་འཁྲུལ་པ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།
iiif viewer powered by OpenSeadragon
11a - 12a