e-texts navigator
Collection
Volume
Page
Wylie

11a1 མེད་པ་དང་།། རྒྱ་མཆོག་ཡོ་འགུལ་མེད་པ་དང་།། དུང་ཉིད་ཡེ་དག་དཀར་བ་དང་།། སྨོན་མེས་མུན་པ་སེལ་བ་དང་།། ཆུབ་རྒྱུན་ཆད་མེད་པའོ།། ཞེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས། གསང་སྔགས་བརྡས་བསྟན་པ
11a2 ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་དང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། མ་བསྒྲུབས་འབྲས་བུ་ཇི་ལྟར་འཐོབ།། ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཐེག་གཞན་ཞེ་འདོད་ངས་མ་བཤད།། རྩོལ་མེད་ཡེ
11a3 ནས་འབྲས་བུ་བསྟན།། དང་དངས་ཁྱེའུ་ཆུང་ཐུགས་ལ་ཆོངས།། ཡེ་ནས་དག་པ་དངོས་མེད་དེ།། རང་ལ་གདོད་མ་ཉིད་ནས་གནས།། ཀ་དག་བློ་འདས་རྟོགས་པའི་ཐབས།། དེ་ལ་འབྲས་བུ་ཐོབ་ཅེས་བཤད།། ཅེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས།
11a4 འབྲས་བུ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་རང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། ཐེག་དགུའི་ལྷ་སྐོམ་ཇི་ལྟར་ལགས།། ཞེས་ཞུས་པ་དང་། ཡེ་ཐོག་སྟོན་པས་བཀའ་སྩལ་པ།། སྙིང་པོ་ཀ་དག་བལྟར་མེད
11a5 ཀྱང་།། བློ་ཁྱད་ཐེག་པའི་ལྟ་སྦོམ་བཤད།། དང་དངས་ཁྱེའུ་ཆུར་ཐུགས་ལ་ཆོངས།། ཉན་ཐོས་པ་ཡི་ལྷ་སྒོམ་ནི།། ཡུལ་རྡུལ་གང་ཟག་བདག་མེད་བལྟ།། འགོག་པའི་སྙོམས་འཇུག་ཚོགས་དྲུག་ཡུལ་བཀག་བསྒོམ།། རང་རྒྱལ་བ་ཡི་ལྟ་སྐོམ་ནི།། །
11a6 རྟེན་འབྲེལ་བཅུ་གཉིས་རྣམ་པར་རིག་བྱེད་བལྟ།། བྱང་ཆུབ་སེམས་དཔའི་ལྟ་སྒོམ་ནི།། བདེན་པ་གཉིས་སུ་བལྟ་ལ་སྟོང་པར་བསྒོམ།། གསང་སྔགས་ཕྱི་རྒྱུད་ལྟ་སྒོམ་ནི།། དག་པ་ཆོས་ཉིད་ཀྲི་ཡའི་ལྷ་དྲུག་བསྒོམ།། ཨུ་པ་ཡ་ཡི་ལྟ་སྒོམ་ནི།། དཔོན
11a7 གཡོག་ཚུལ་ལྟར་སུམ་ཅུ་རྩ་བདུན་བསྒོམ།། ཡོག་པ་ཡི་ལྟ་བ་ནི།། སྐྱེ་འགག། གཉིས་མེད་བྱང་ཆུབ་རྣམ་ལྔ་བསྒོམ། མ་ཧཱ་ཡོ་གའི་ལྕེ་སྒོམ་ནོ།། སྣང་སྟོང་གཉིས་མེད་ཏིང་འཛིན་རྣམ་གསུམ་བསྒོམ།། ཨ་ནུ་ཡོ་གའི་ལྷ་སྒོམ་ནི




iiif viewer powered by OpenSeadragon

10b - 11b

Texts on this page

Gdg003.1 - sangs rgyas kun gyi dgongs pa'i bcud bsdus ri bo brtsegs pa'i rgyud