e-texts navigator
Collection
Volume
Page
Wylie

10b1 དེ་ནས་དང་དངས་ཁྱེའུ་ཆུང་གིས།། ཡ་ཐོག་ཀ་དག་སངས་རྒྱསྩ་ལ།། རི་བོ་བརྟགས་པདཔ་ཡིས་ཇི་ལྟར་བསྟན།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། དངོག་མེད་ཀ་དྲུག་དཔེ་ལས་འདས་ན་པང་།། དོན་གསལ་འོདགས་པ་དཔེ་ཡོས་ན་སྣུན
10b2 ནས་བསྐྲད།། དཔེར་ན་པོ་བརྩེགས་པ་ཡང་།། ལྡན་པའི་ངང་ལ་འགྱུར་མེད་བརྡེགས།། གཡོ་རྩལ་འབོ་འཐུན་མེད་པར་སྲུབ།། ཡཾ་མེད་གདོང་དག་ཀ་དག་བརྩེགས།། དངོས་མེད་དྲི་འདས་བྱར་མེད་བརྡེགས།། སོང་གས་ལ་གདངས་ལ་དང་ས་སངས་བརྩེགས
10b3 སྙིང་པོའི་ངང་དུ་ཡེ་ཤེས་བརྩེགས།། ཆོས་ཉིད་ཀློང་དུ་རྩལ་ཟེར་བརྩེགས།། ཆོས་སྐུའི་ཀློང་དུ་སྐུ་གསུམ་བརྩེགས།། སྙིང་པོ་སྐྱེ་འགག་གཉིས་མེད་བརྩེགས།། ཀ་དག་བསྟན་པ་མི་འགྱུར་ཏེ།། དངོས་མེད་མ་བཅོས་གསལ་ལ་དྲངས་པའོ།། ཀ་དག་བློ་འདས་བྱར་མེད
10b4 བརྩེགས།། ཡེ་ནས་རྒྱུན་ཆད་མེད་པ་སྟེ།། དེ་ཕྱིར་རི་བོ་བརྩེགས་པའི་རྒྱུད།། ཅེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས། རི་བོ་དཔེར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། ། དེ་ནས་དང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།
10b5
10b6 བཅུག་པ་དང་།། སྐྱོན་པ་གླང་པོ་ཆུར་ཞུགས་དང་།། རི་རྒྱལ་ལྷུན་པོ་འགྱུར་མེད་དང་།། ཤེལ་གོང་ནོར་བུ་རིན་ཆེནུ་གསེར།། བརྡའ་དོན་གནད་འགྲོལ་མན་ངག་འདེས།། ཤེས་རབ་ཅན་གྱིས་བརྡའ་གནང་བཀྲོལ།། ཞེས་གསུངས་སོ།། སེང་གེ་ནམ་མཁའི
10b7 འབྲུག་ཐོས་དང་།། རུས་སྦལ་མཁའ་ལ་བསྙག་པ་དང་།། རལ་གྲི་སྦྲུམ་གྱིས་ངར་བཏགས་དང་།། གླང་པོས་དམག་གི་ཚོགས་བསྒྱུར་དང་།། བཀྲེས་པ་གཡོས་ལེགས་ཟས་ཟ་དང་།། བཙོ་མ་གཡའ་དང་བྲལ་བ་དང་།། མེ་ལོང་དྲི་མ་བྲལ་བ་དང་།། ཉི་མ་མུན་པ




iiif viewer powered by OpenSeadragon

10a - 11a

Texts on this page

Gdg003.1 - sangs rgyas kun gyi dgongs pa'i bcud bsdus ri bo brtsegs pa'i rgyud