| | e-texts navigator
|
10a1 གསུངས་པ།། ཀ་དག་དེ་ཉིད་ཅིར་ཡང་མི་སྣང་ན།། གློ་བུར་རྣམ་རྟོག་ཐ་དད་པའི།། རྣམ་རྟོག་དེ་ནི་ཟད་པར་སྣང་།། སྣང་བ་ཉིད་ནི་སྣང་བ་མེད།། ཅེས་གསུངས་སོ།། མངོན་རྫོགས་རྒྱལ་པོས་ཐུགས་ཀྱི་བཅུད་གསུངས་པ།། ད
10a2 མེད་ཀ་དག་ཡེ་མེད་ཡེ་ཤེས་དངོས་གྲུབ་པས།། ཟད་པ་མེད་ཅིང་འཕེལ་བ་མེད།། ད་གདོད་བསྒྲུབ་ཏུ་ག་ལ་ཡོད།། ཅེས་གསུངས་སོ།། རང་བྱེད་རྒྱལ་པོས་དགོངས་པའི་བཅུད་གསུངས་པ།། ཞོག་མ་མེད་ནས་བསགས་པ་ཡི།། རྣམ་རྟོག་སྤྲིན་ཕུང་དཔག་མེད
10a3 པ།། སྟོང་ཉིད་སྐད་ཅིག་རིག་པ་ཡིས།། དེ་བཞིན་ཉིད་དུ་རྣམ་པར་གསལ།། ཞེས་གསུངས་སོ།། པདྨ་དྲི་མེད་དགོངས་པའི་བཅུད་གསུངས་པ།། ཡོད་མཐོང་སྣང་གྲག་ཆོས་སོ་ཅོག། ཐ་དད་སྣ་ཚོགས་མཐའ་ཡས་ཀྱང་།། དངོས་མེ་ག་དག་དེ་བཞིན
10a4 ཉིད།། མ་བསྒྲིབས་འོད་གསལ་རྣམ་དག་གོ།། ཞེས་གསུངས་སོ།། དེ་ནས་སྣ་ཚོགས་འུབ་ཆུབ་དགོངས་པའི་བརྒྱད་གསུངས་པ།། དཔག་ཏུ་མེད་པའི་འཇིག་རྟེན་དུ།། སྒྲོན་མ་བསམ་གྱིས་མི་ཁྱབ་པས།། ཇི་སྙེད་པ་ཡི་ཚེམ་བསྟན་པ།། མཐའ་ཡས་དོན་ནི
10a5 གཅིག་ཏུ་ཟད།། དངོས་མེད་ཟད་ཀ་ཀ་དག་དགོངས་བཅུད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། སངས་རྒྱས་ཀུན་གྱི་ཐུགས་དགོངས་བཅུད།། སྙིང་པོ་ཡང་སྙིང་བཅུད་བསྡུས་པས།། ཐམས་ཅད་ཐམས་ཅད་ཇི་སྙེད་པ།། ཚིག་གི་ཐ་སྙད་ཙམ་དག་ལས། འདི
10a6 བ་ཅི་ཡང་མེད།། དངོས་མེད་ཀ་དག་ཡེ་སདས་རྒྱས།། ཨེ་ཧོ་ཨ་ཨ་སིདྡྷི་སིདྡྷི་ཨངྐུ་ཐི་མ་ཥེ་དུས་གསུམ་བུ་དེ་གཤེགས་སངས་ཆུས་ཀྱང་།། དངོས་མེད་ཀ་དག་བྲྀ་སྐད་ཤློ་འདས་ཏེ།། ཀ་དག་ལྷུན་གྲུབ་ཐུགས་འགོངས་བརྗོད།། མཱ་ལུས་དགོངས་འདུས་རི་རབ
10a7 ལྷུན་གྲུབ་བརྩེགས།། ཞེས་གསུངས་སོ།། སངས་རྒྱས་ཀུན་གྱི་དགོངས་པའི་བཙུད་འདུས་རི་བོ་བརྩེགས་པའི་རྒྱུད་ལས། སངས་ཚུས་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་དགོངས་པའི་བཅུད་འདུས་པར་བསྟན་པའི་ཡཛྲ་སྟེ་བཅུ་གཉིས་པའོ།
iiif viewer powered by OpenSeadragon
9b - 10b