e-texts navigator
Collection
Volume
Page
Wylie

9b1 མོད་དང་ནི་མ་ཡིན་ཚུལ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཐ་མར་གར་འགྲོ་ངེས་པ་ནི།། གཉེན་པོ་ལུང་ལྡན་རང་ཤར་ནས།། རིམ་གྱིས་ཅིག་ཆར་ངེས་པར་ངེས།། དོན་མ་ཕྲད་ན་ངེས་པ་མེད།། ངོ་བོ་གཞི་ཉིད་མ་ཤེས་ཕྱིར།། བག་ཆགས་གཉིད་འོག་ཀུན་གཞི་སྟེ།། མ
9b2 རིག་རྟོག་པའི་ངོ་བོར་གནས།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། ངེས་ཚིག་ཡུལ་གྱི་སྣང་བ་ལ།། སྣ་ཚོགས་ཡུལ་ལ་སེམས་པའི་ཕྱིར།། མིན་པའི་ཆོས་ལ་བདེན་པར་འཛིན།། ཐག་པ་སྦྲུལ་དུ་འཁྲུལ་དང་འདྲ།། སེམས་ཅན་ཤས་ནི་ཆེ་ཆུང་ཡོད།། ཉོན་མོངས་སེམས
9b3 པ་གཉེན་པོས་ནི།། བག་ཏལ་ཕྲ་དང་ཤིན་ཏུ་ཕྲ།། མངོན་ཏུ་མེད་པས་ཉོན་མོངས་ཆུང་།། རྒྱུ་མེད་མཚན་མེད་འཇིག་པའི་ཕྱིར།། ཐ་མ་དངོས་པོ་མེད་པར་དེངས།། ད་ལྟ་ཀུན་གཞི་ཡོད་ཀྱི་བར།། རྒྱན་གྱིས་དུས་གསུམ་འགགས་ཏེ་མེད།། དེ་ཡང་འདུས་པའི་སྙིང
9b4 པོ་ཉོན།། ཐུན་མོང་སྙིང་པོ་དབྱིངས་སོགས་ཀྱི།། ཉོན་མོངས་བག་ཆགས་རང་བཞིན་ཏེ།། ཤེས་རབ་མ་རིག་ལོག་ལྟ་འཇོམས།། བྲན་མོང་མ་ཡིན་ཅིག་ཅར་དེངས།། ལས་ཀྱི་རྒྱུ་མཐུན་གང་རུང་སྟེ།། རྣམ་སྨིན་རིམ་གྱིས་མ་ཡིན་ཏེ།། པར་མཆོད་པར་འབྲས་བུ་སྨིན།།
9b5 ལུང་དུ་མ་བསྟན་ངེས་པ་མེད།། ད་ཡང་རྡོ་རྗེ་སྙིང་པོ་ཉིན།། བག་ཆགས་རྩལ་ནི་རིགས་དྲུག་སྟེ།། བདེ་སྡུག་བྱེ་བྲག་སོ་སོར་སྣང་།། ཆ་ཕྲ་རྩལ་ནི་ཉན་སེམས་ལ།། མེ་ལོང་ལྟ་བུར་རང་སྣང་ནས།། མཚོན་པ་དཔེ་ཡིས་རིམ་དང་ལྡན།། ནམ་མཁའ་ཆུ་དང་མེ་ལོང
9b6 སོགས།། གཞི་ལ་ཆུ་རྐྱེན་མ་རིག་པ།། མེད་པར་བྱུང་བ་ཡ་མཚན་ཆེ།། དེ་ཡང་འདུས་པའི་སྙིང་པོ་ཉིན།། དེ་དག་དབྱེ་བ་བློ་དམན་ལ།། ཡིད་ཆེས་བྱ་ཕྱིར་བསྟན་པ་ཡིན།། མ་རིག་པ་ལ་སེམས་སུ་བཏགས།། འཁོར་བ་བསྐྱེད་ཕྱིར་ཀུན་གཞི་ཡིན།།
9b7 རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གཞི་གནས་སེམས་ཀྱི་ཀུན་གཞི་བསྟན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། བག་ཆགས




iiif viewer powered by OpenSeadragon

9a - 10a

Texts on this page

Gdg002.1 - rdzogs pa chen po nges don thams cad 'dus pa / ye shes nam mkha' dang mnyam pa'i rgyud / lta bsgom thams cad kyi snying po / rin po che rnam par bkod pa