e-texts navigator
Collection
Volume
Page
Wylie

9a1 གྲགས་པ་འ་དུས་བྱས་ལ་ནས།། རང་ཤང་དྲག་གས་པ་སྐམས་མེ་དགས།། ཐིག་ལོ་བརྒྱད་ཀྱི་ཁྱད་པར་བསྟན།། ས་ལམ་རིམ་པ་དུས་གཅིག་རྫོགས།། ད་ཡང་འཇུས་པའི་སྟོང་པ་ཉན།། ངས་དོན་བརྙན་གྱིས་ཉམས་ས་འངས།། རྣམ
9a2 མྱོང་བཞི་ཡིས་གཏིང་དུགོ།། རིག་དཔྱོད་བཞི་ཡིས་ལ་བཟླལ།། ཀློང་ཆེན་དྲུག་གིས་ངེས་པ་རྙེད་།། རྐྱེན་ཐབ་དྲུག་གིས་འབྲལ་མེད་ཤེས།། ང་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྒྲ་གསུམ་ཐམས་ཅད་མཁྱེན་པའི་ཚད།། ཡོན་ཏན་ལྔ་ཡི་འབྲས་བུ་འབྱུང་།། ངེས་པ་བཞི
9a3 ཡིལ་ཁྱད་པར་འཕགས།། ཟིལ་གནོན་རྟགས་བཞི་འབྲས་བུར་ལྡན།། ཆེ་བ་ལྔ་ཡིས་དངོས་འཛིན་དག། རང་གནས་དྲུག་གིས་གཞན་དོན་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། གཉིས་མེད་གསུམ་གྱི་ས་ལ་བཟླ་ལ།། གཏན་ཚིགས་བཞི་ཡིས་ཡིད་ཆེས་བྱ།། འབྲས་བུ་རྒྱུ་ཡི
9a4 མཐའ་རུ་གཏུག། རྟོགས་པ་བཞི་ཡི་གདོང་ལྡན་བྱ།། རྫོགས་པ་ཆེན་པོ་དེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་རྣམས་གཏན་ལ་དབབ་པ་སྡོམ་དུ་བསྡུས་ཏེ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་རིག
9a5 ཆོས་ཀྱི་རྒྱལ་པོ་ལ།། ངེས་པའི་དགོས་དོན་འདི་སྐད་གསོལ།། སེམས་ཀྱི་ཀུན་གཞི་ཇི་ལྟར་བྱུང་།། བག་ཆགས་ཀུན་གཞི་ཇི་ལྟར་བགོས།། ལུས་ཀྱི་ཀུན་གཞི་ཇི་ལྟར་སྦྱིན།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐང་ཞུས་པའི་དོན་གསན་ནས།། ཀུན་དག་སྟོན
9a6 པ་ཆོས་རྗེ་ཡིས།། ཀུན་གཞི་རྣམ་གསུམ་དབྱེ་བའི་དོན།། སེམས་ཀྱི་ཀུན་གཞི་བཀའ་སྩལ་པ།། ཐོག་མ་ཟ་མ་དེ་ལྟ་དང་།། ངོ་བོ་ངེས་ཚིག་ཚ་ཆུང་ཤེས།། མཚན་ཉིད་གཉེན་པོ་ལས་དང་རྩལ།། ཡུལ་དཔེ་རྟགས་ཀྱི་སྒོ་ནས་བསྟན།། ད་ལ་ལོརྡོ་རྗེ་སེམས་དཔལ
9a7 ཉོན།། སེམས་ཀྱི་ཀུན་གཞི་ཟག་མར་ཀྱང་།། གང་ལ་མི་རྟོགས་མ་ཟིན།། མ་ཤེས་ལྷན་ཅིག་མ་རིག་པ།། ཏོག་ཞུགས་སེམས་ཀྱི་ཀུན་གཞི་བྱུང་།། ད་ལ་གང་ན་གནས་པའི་རྟེན།། འགྲ་དྲུག་སེམས་ཅན་མ་ལུས་ཀྱང་།། ཉན་ཐོས་དང་རྒྱལ་སེམས་དཔའ་ལ།། 3ན




iiif viewer powered by OpenSeadragon

8b - 9b

Texts on this page

Gdg002.1 - rdzogs pa chen po nges don thams cad 'dus pa / ye shes nam mkha' dang mnyam pa'i rgyud / lta bsgom thams cad kyi snying po / rin po che rnam par bkod pa