e-texts navigator
Collection
Volume
Page
Wylie

7a1 རྟོགས་པར་བྱ་བའི་ཕྱིར།། ཅི་རིགས་པ་ནི་ཁྱོད་ཀྱིས་བགྲོས།། དེ་སྐད་ཅེས་ནི་ཞུས་པ་དང་།། རིགེ་འཛིན་ཀུན་གྱི་དོན་མེད་དུ།། རིག་འཛིན་ཀུན་དགས་ཐུགས་གསནཱ་ནས།། སྨེ་དྲིན་ཆེ་བར་ལན་བཏབ་པ།། ལྷ་དབང་བཀའ་གཉན་དྲིན་མངས
7a2 མི་ཡུལ་འཛམ་གླིང་དང་ལྡན་གྱི།། མ་རིག་མུན་པ་བདག་གིས་བསལ།། བད་གཤེགས་རྣམས་ཀྱིས་བྱིན་གྱིས་བརླབས།། དེ་སྐད་ཅེས་ནི་གསུངས་པ་དང་།། རིག་འཛིན་ཆེན་པོ་ལྷ་དབང་དེ།། ཤིན་ཏུ་དྲུགས་ནི་དཀྱིས་གྱུར་ཏེ།། ལྷ་དབང་ཞིས་ནི་ཞལ་བ་ཞེས་པ།།
7a3 དོན་ལྡན་སློབ་མ་ལ།། ངེས་དོན་གསང་བའི་ཆུད་ཆེན་འདི།། མ་བཙས་མ་བསྐྲད་འཆུང་ནུས་ན།། བདེ་གཤེགས་འཁོར་གྱིས་བྱིན་གྱིས་བདྲབ།། དེ་སྐད་ཞལ་བཞེས་དམ་བཅས་ནས།། ད་བང་འདུས་པའི་སྙིང་དུ་\ུ0f7f།། དེ་ནས་ལྷ་ཡི་བ་ཡིས་བསཔྲ་པ་ལ།། མི་ས་མངོན་ཤེས་རྫ་འརྫབ་མ
7a4 དེ་ཕྱིར་ངེས་པའི་སྣོད་ལྡན་ལ།། འཛམ་གླིང་མི་ལ་བཤད་དགོངས་ནས།། སྤྲུལ་པ་སྐྱེ་བའི་རྟེན་བཙལ་བ།། རིགས་བཟང་རིགས་ངན་བུད་མེད་དེ།། གནོད་སྦྱིན་ཀུན་གསོས་བྱང་ཆུབ་མ།། དེ་ཡི་བུར་སྐྱེས་ཐུགས་དགོངས་ནས།། བྱིན་ངང་པ་གསེར་ལུས་ཅན།། དངུ
7a5 གཤོག་པ་ལྕགས་སྡེར་ཅན།། གཡུ་ཡི་སྲིན་མ་རྡོ་རྗེའི་མཆུ།། རིན་ཆེན་མིག་ཅན་གཅིག་ཏུ་སྦལ།། ནམ་ལངས་ཉི་མ་ཤང་མཚམས་སུ།། ཉི་ཟེར་ལ་ནི་བྱི་བུང་ནས།། བྱང་ཆུབ་སྙིང་གར་མཆུ་གཏུགས་ནས།། སྙིང་གར་ཐིམ་ནས་ཞག་གསུམ་ནས།། རྩེའུ་ཆུང་ཕྱག་ཤིང་རྡོ་རྗེ
7a6 ཅན།། ཙར་གྱིས་སྐྱེས་ནས་འདི་སྐད་སྨྲས།། ཆོས་ཀུན་བྱང་ཆུབ་ཡེ་ཤེས་ཡིན།། འཁོར་བ་མ་རིག་ཡེ་ནས་མིན།། རྒྱ་རྐྱེན་མ་བསྐྱེད་ངོ་བོ་ཉིད།། རང་གི་རིག་པ་ཆོས་སུ་ཡིན།། དེ་ལྟར་སྤོགས་པ་ཞིག་བྱུང་བས།། འཇིག་རྟེན་འདི་ན་པ་མཚན་ཅན།། མཚན་ཡང་དག
7a7 རབ་རྡོ་རྗེར་བཏགས།། ཡོན་ཏན་རིག་པ་ལྔ་ལྡན་ལ།། མངོན་ཤེས་དྲུག་གིས་དུས་གཅིག་མཁྱེན།། མི་རྣམས་ཀུན་གྱིས་བཀུར་བར་མཐོང་།། ཡོན་ཏན་ལགས་ཀྱིས་སྤྱན་དྲངས་ནས།། བདེ་ལྡན་གནས་སུ་བཞུགས་སུ་གསོལ།། དེ་ཚེ་སྤྲུལ་པ་དགའ་བ་དེ།། ན




iiif viewer powered by OpenSeadragon

6b - 7b

Texts on this page

Gdg002.1 - rdzogs pa chen po nges don thams cad 'dus pa / ye shes nam mkha' dang mnyam pa'i rgyud / lta bsgom thams cad kyi snying po / rin po che rnam par bkod pa