e-texts navigator
Collection
Volume
Page
Wylie

6b1 པོ་ཉོན།། ཡོན་ཏན་རྒྱས་པའི་ཞིང་ཁམས་ན།། སངས་རྒྱས་འབུམ་གཟིགས་བྱ་བ་དེ།། ཉིད་ཀྱིས་དང་ཉན་འཁོར་རྣམས་ལ།། བཙལ་མེད་འབྲས་བུའི་ཆོས་རྣམས་སྟོན།། དེ་ལ་བསྐོར་བ་བྱས་ནས་ནི།། ཀུན་ནས་ཡིད་ཆེས་དད་པ་ཡིས།། ངེས་དོན་ཞུ་བའི་རྟེན་དུ
6b2 ཡང་།། པདྨ་གསེར་གྱི་མདོག་ཅན་ཕུལ།། དེ་ལ་ངེས་པའི་དོན་ཞུས་པ།། འབྲལ་མེད་རྒྱུན་གྱི་ཏིང་འཛིན་གྱིས།། རིག་པ་ཕྱི་ནང་མེད་པ་ལ།། མཉམ་བཞག་རྗེས་ཐོབ་འོང་བ་ཅི།། དེ་སྐད་ཞུས་པའི་དོན་གསན་ནས།། སངས་རྒྱས་འབུམ་གཟིགས་བཞུགས་པ
6b3 རེ།། ། གསེར་གྱི་པདྨོས་ཐུགས་དགྱེས་ནས།། ཞུས་པའི་ལན་དེ་བཀའ་སྩལ་པ།། ཡེ་ཤེས་རིག་པ་འདི་ཉིད་ལ།། མཉམ་བཞག་རྗེས་ཐོབ་གདོད་ནས་མེད།། དེས་དོན་འདི་མེད་སྐེམ་ཆེན་ལ།། སྒོ་ལྔའི་ཡུལ་ལ་རྗེས་ཐོབ་བྱང་།། དེ་སྐད་ཅེས་ནི་གསུངས་པ
6b4 ཡིས།། མཉམ་བཞག་རྗེས་ཐོབ་ཐེ་ཚོམཆོད།། ཞུ་བ་ཞུས་ཕྱིར་ངེས་པ་རྙེད།། དེ་ཕྱིར་ཡེ་ཤེས་མངོན་དུ་གྱུར།། དེ་ནས་རིག་འཛིན་སེམས་དག་དེ།། སྔོན་གྱི་གནས་ནི་རྗེས་དྲན་ནས།། སུམ་ཅུ་རྩ་གསུམ་ཤར་ཕྱོགས་ཀྱི།། རིན་ཆེན་མངོན་དགའ་ཕུག་ཏུ་ཕྱིན།། ནང་དུ
6b5 འབྲལ་མེད་མཉམ་བཞག་པས།། སེམས་ཅན་ཀུན་གྱི་དོན་ཆེད་དུ།། ལྷ་དབང་བརྒྱ་བྱིན་དྲུང་བྱོན་ནས།། ལྷ་ཡི་བུལ་འདི་སྐད་བསྐུལ།། ཁྱོད་ནི་ཤཱཀ་ཐུབ་སྤྲུལ་བ་སྟེ།། འཇིག་རྟེན་གསུམ་ན་འགྲན་བླ་མེད།། སངས་རྒྱས་ཆོས་ཀུན་ཐུགས་ལ་རྫོགས།། འདོད་ཁམས
6b6 འཛམ་གླིང་སྣོད་ལྡན་ལ།། བསྟན་པ་ཙམ་གྱིས་རྟོགས་པའི་ཆོས།། སྡེབ་སྦྱོར་ལེགས་པའི་ཚིག་ཏུ་གསུངས།། དེ་སྐད་ཅེས་ནི་བསྒྲལ་བ་དང་།། ལྷ་དབང་ལ་ནི་ལན་གསོལ་པ།། ངེས་དོན་གསང་བའི་རྒྱུད་ཆེན་འདི།། རང་གི་སེམས་ལ་གསལ་བ་ལས།། ཚིག་གི་ཐོག
6b7 ཏུ་མི་ཕེབས་པས།། བདག་གིས་བགྲོ་བ་ཤིན་ཏུ་དཀའ།། དེ་སྐད་ཅེས་ནི་སྤྲས་པ་དང་།། དེ་ཡིས་དགོད་པའི་དོན་གོནས།། ལྷ་དབང་གིས་ནི་དོན་ཞུས་པ། ཕྱི་རབས་དད་ལྡན་དོན་ཆེད་དུ།། ཡང་དག་ངེས་དོན་དགོངས་པ་དེ།། མ་རྟོགས་པ་ལ་ཚིག་སྒོ་ནས།། མཚོན་ནས




iiif viewer powered by OpenSeadragon

6a - 7a

Texts on this page

Gdg002.1 - rdzogs pa chen po nges don thams cad 'dus pa / ye shes nam mkha' dang mnyam pa'i rgyud / lta bsgom thams cad kyi snying po / rin po che rnam par bkod pa