| | e-texts navigator
|
5a1 མ་གཞི་ལ་མེད།། འབུལ་བའི་གྲོལ་དྲི་མ་བྱུང་།། དེ་སྐད་ཅེས་ནི་གསུངས་པ་ཡི།། རང་གི་སྒོ་ཡི་ཐེ་ཚོམཆོད།། ཞུ་བ་ཞུས་ཕྱིར་ངེས་པ་རྙེད།། ངེས་པའི་ཡེ་ཤེས་མངོན་དུ་གྱུར།། ང་ཡང་འཁོར་གྱི་སྙིང་པོ་ཉོན།། ཕུང་ཕྱོགས་རྣམ
5a2 ཞིང་ཁམས་ན།། སངས་རྒྱས་ལས་རབ་གྲུབ་པ་དེ།། ཨིཏྤ་ནཱི་ཡའི་གདན་བཞུགས་ཏེ།། ངེས་དོན་བཙལ་མེད་འབྲས་བུ་སྟོན།། དེ་ལ་བསྐོར་བ་བྱས་ནས་ནི།། ཀུན་ནས་ཉམས་མྱོང་དད་པ་ཡིས།། ངེས་དོན་ཞུ་བའི་རྟེན་དུ་ཡང་།། ཏ་པ་ལིཾ་ཡི་འབྲས་བུ་ཕུལ།། དེ་ལ
5a3 ངེས་པའི་དོན་ཞུས་པ།། ཆོས་སུ་གཅིག་ལས་མེད་པའི་ཕྱིར།། བཙལ་མེད་སེམས་ཀྱི་རང་བཞིན་ལ།། འགྲོ་དོན་མཛད་པ་ཅི་ལྟར་ལེགས།། དེ་སྐད་ཞུས་པའི་དོན་གསན་ནས།། སངས་རྒྱས་ལས་རབ་གྲུབ་པ་དེ།། མེ་ཏོག་ཏཱ་པས་ཞུགས་དགྱེས་ཏེ།། ཞུས་པའི་ས
5a4 དེ་བཀའ་སྩལ་པ།། རང་བྱུང་ཆོས་སྐུ་རྟོགས་གྱུར་ན།། བྱ་བའི་ལས་རྣམས་མི་དགོས་ཏེ།། ནོར་བུ་རིན་ཆེན་རྙེད་པ་འདྲ།། མཛད་པ་ཕྲིན་ལས་རང་ལས་འབྱུང་།། དེ་ཉིད་ཅེས་ནི་གསུངས་པ་ཡིས།། རང་གི་འཁྲུལ་པའི་ཐེ་ཚོམཆོད།། ཞུ་བ་ཞུས་ཕྱིར་ངེས་པ་རྙེད།། དེ།
5a5 གྱིར་འབྲས་བུ་མངོན་དུ་གྱུར།། དེ་ཡང་འདུས་པའི་སྙིང་པོ་ཧོན། ཤར་ལྷོང་ཚོ་མེད་ཞིང་ཁམས་ན།། སངས་རྒྱས་རྒྱལ་བའི་དབང་པོ་དེས།། དང་ལྡན་ཉིད་ཀྱི་འཁོར་རྣམས་ལ།། བཙལ་མེད་འབྲས་བུའི་ཆོས་རྣམས་སྟོན།། དེ་ལ་བསྐོར་བ་བྱས་ནས་ནི།། ཀུ
5a6 ནས་རང་རིག་དད་པ་ཡིས།། ངེས་དོན་ཞུ་བའི་རྟེན་དུ་ཡང་།། དཔག་བསམ་ཤིང་གི་འབྲས་བུ་ཕུལ།། དེ་དོན་ཡང་དག་དོན་ཞུས་པ།། ཡེ་ནས་རང་བྱ་དེ་སྙིང་པོ་དེ།། ཆོས་ཉིད་ཡེ་ནས་རང་རྒྱས་ལ།། ཐོས་བསམ་དགོས་པ་ཇི་ལྟར་ལེགས།། དེ་སྐད་ཞུས་པའི་དོ
5a7 གསན་ནས།། སངས་རྒྱས་རྒྱལ་བའི་དབང་པོ་དེ།། དཔག་བསམ་འབྲས་བུས་ཐུགས་མཉེས་ཏེ།། ཞུས་པའི་ལན་དེ་བཀའ་སྩལ་པ།། ཡེ་ནས་ཆོས་ཉིད་རང་ཆེས་པ།། ཟོས་བསམ་དགོས་པ་མ་ཡིན་ཏེ།། མ་རི་གེ་མུན་པ་བསལ་བའི་རྩིར།། ལུང་ལྡན་རྐྱེན
iiif viewer powered by OpenSeadragon
4b - 5b